ལྷ་མོ་ཚེ་སྐྱིད མཚོ་སྔོན་པོ་དྲ་བ། 2013-05-28
ཟླ5བའི་ཚེས18ཉིན་གྱི་ཕྱི་དྲོ། ཁོ་རེ་ཡའི་ཧྲིག་ཨར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་སྤེལ་བའི“ཀྲུང་གོའི་མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཁྱད་ནོར་འགྲེམ་སྟོན”གྱི་འགོ་རྩོམ་མཛད་སྒོ་སྤེལ།
ཐེངས་འདིའི་འགྲེམ་སྟོན་ནི་ཟླ6པའི་ཚེས14བར་སྤེལ་རྒྱུ་ཡིན་ཞིང་། དེར་ཚོན་ཐང་དང་། ལྷ་སྐུ། གཙགས་དྲུབས། དེ་མིན་ཆོས་ལུགས་ཡོ་ཆས་བཅས་ཁག་བཞིས་གྲུབ། འགྲེམ་སྟོན་ཡུལ་དངོས་སུ་མཚོ་སྔོན་གྱི“གཟུགས་འདས་ཤུལ་བཞག”རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་དང་དམངས་ཁྲོད་སྒྱུ་རྩལ་པས་སྒྱུ་རྩལ་འགྲེམ་སྟོན་ཡང་ཡོད་ལ། མཚོ་སྔོན་བོད་བརྒྱུད་ནང་བསྟན་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་མངོན་པར་དོད་ཡོད།
བྱ་འགུལ་འདི་ནི་ཧྲིག་ཨར་ཀྲུང་གོའི་རིག་གནས་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལག་བཟོའི་སྒྱུ་རྩལ་མཛེས་རྩལ་དོ་དམ་སྲུང་སྐྱོབ་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་འགན་སྒྲུབ་གནང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10