བོད་ལྗོངས་ཀྱིས་ཇོ་མོ་གླང་མ་རྟགས་ཅན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཤར་གཏོང་བྱེད་རྒྱུ་རེད།
བོད་ལྗོངས་འཕྲིན་དྲ། 2013-05-29
ཉེ་དུས། གསར་འགོད་པས་བོད་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་འགུག་ཐུབ་པ་བྱེད་ཆེད། རང་ལྗོངས་ཀྱིས་སྤྱི་ཟླ6པའི་ཚེས1ཉིན་ཇོ་མོ་གླང་མ་རྟགས་ཅན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཤར་གཏོང་བྱེད་རྒྱུ་རེད། ཡུལ་སྐོར་ཆེད་གཏོང་མེ་འཁོར་དེ་མཚོ་བོད་ལྕགས་ལམ་ཀུང་སིའི་ས་མཐོའི་གསོ་རླུང་ལྡན་པའི་མེ་འཁོར་གྱི་ཁོངས་སུ་གཏོགས་པ་དང༌། འཁོར་སྒྲོམ་ནང་གུ་ཡངས་ལ་སྐྱིད་སྣང་དོད་ཅིང་འགྲུལ་པ700ལྷག་སྡོད་ཐུབ་ཀྱི་ཡོད་པ་མ་ཟད། མེ་འཁོར་དེའི་ནང་ཆེད་ལས་ཡུལ་སྐོར་སྣེ་ཤན་པ་དང་སྨན་པ་ཡང་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་བ་ཚོར་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་རྒྱུ་རེད། དེང་སྐབས་ནང་སའི་གྲོང་ཁྱེར་མང་དག་ཅིག་ལ་ཇོ་མོ་གླང་མ་རྟགས་ཅན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་དེར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། ཐོ་འགོད་བྱེད་མཁན་ཡུལ་སྐོར་བ་མང་པོ་ཡོད་ཅིང༌མེ་འཁོར་གཏོང་ཐེངས་དང་པོའི་སྤ་སེ་ཚང་མ་མངགས་ཉོ་བྱས་ཟིན་པ་རེད། །