བོད་ལྗོངས་འཕྲིན་དྲ། 2013-05-24
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས། ད་ལོ་ནི་དབང་པོ་སྐྱོན་ཅན་པའི་སྤྱི་ཚོགས་འགན་སྲུང་མ་ལག་དང་ཞབས་ཞུའི་མ་ལག་འཛུགས་པའི་ལོ་ཞིག་དང་། དབང་པོ་སྐྱོན་ཅན་པའི་དམངས་འཚོ་ལེགས་བཅོས་བྱེད་པའི་ཞབས་ཞུའི་ལོ་ཞིག་ལ་གཏན་འཁེལ་བྱས་ནས། དབང་པོ་སྐྱོན་ཅན་པ་མི་ཐེངས1000ལྷག་ལ་ལས་ཞུགས་མཛུབ་འཁྲིད་དང་ལས་རིགས་སྦྱོང་བརྡར་སྤྲད་དེ་དབང་པོ་སྐྱོན་ཅན300ལས་ཞུགས་ཐུབ་པ་བྱེད་རྒྱུ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ལས་རིགས་སྦྱོང་བརྡར་ཐད་བོད་ལྗོངས་ཀྱིས་འཚེམ་བཟོ་དང་ཐང་ག་འབྲི་བཞེངས། གློག་ཀླད། ལོང་བའི་འཕུར་མཉེད། ཁ་གདན་འཐག་སྟངས་སོགས་ཐད་ནས་དབང་པོ་སྐྱོན་ཅན269ལ་ལས་རིགས་སྦྱོང་བརྡར་སྤྲད་དེ། དབང་པོ་སྐྱོན་ཅན་པའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་རྒྱུ་རེད། ན་ནིང་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན1031ལས་ཞུགས་ཐུབ་པ་བྱས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10