《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་ལས་བོད་ཀྱི་རྟ་མཆོག་རིག་གནས་ངོམ་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-05-24

《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་ལས་བོད་ཀྱི་རྟ་མཆོག་རིག་གནས་ངོམ་པ།

        《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། པེ་ཅིན་ཤར་ཕྱོགས་རོན་ཡིན་གློག་བརྙན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་པ་རྡོ་གྲགས་ཀྱིས་འཁྲབ་ཁྲིད་གནང་བ་རེད།
        གློག་བརྙན་འདི་ནི་མཚོ་སྔོན་རྒྱང་སྒྲིག་བརྙན་འཕྲིན་ཁང་གིས་ཕབ་བསྐྲུན་བྱས་པའི་བོད་སྐད་གློག་བརྙན་ཐོག་མ་ཡིན་ཞིང་། ཁོ་ཚོས་ལས་འདི་ལོ་ཧྲིལ་བོའི་ལས་ཀའི་གཙིགས་སུ་བཞག་སྟེ་ཆེད་དུ་རྐང་འཛིན་གྱི་འཁྲབ་སྟོན་པ་སྐོར་ཞིག་རྩ་འཛུགས་བྱས་པ་དང་ཡོངས་སུ་ལེགས་འགྲུབ་བྱུང་། འདིའང་བོད་རིགས་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེ་བའི་གློག་བརྙན་གཉིས་ཏེ་མཚོ་སྔོན་བརྙན་འཕྲིན་ཁང་གིས་དེ་སྔ་ཕབ་བསྐྲུན་བྱས་པའི《མོ་སྟོན་ཕག་མགོ》དང《ཁ་སང་གི་གཏམ་རྒྱུད》དང་མཚུངས་པར། གཙོ་ཆེར་མི་རྣམས་ལ་གློག་བརྙན་གྱི་ཐབས་ལམ་བརྒྱུད་དེ་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་འགྱུར་ལྡོག་བརྗོད་དེ་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལོ་རྒྱུས་རིག་གནས་ངོམ་པ་དང་དེ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པའི་ཁར། བོད་རིགས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། མི་རིགས་མཐུན་སྒྲིལ་དང་མི་རིགས་སོ་སོའི་རིག་གནས་མཉམ་གྱིས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས།

《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་ལས་བོད་ཀྱི་རྟ་མཆོག་རིག་གནས་ངོམ་པ།

        《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་འདི་ནི་ན་ཏ་མུ་རྟ་རྒྱུགས་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པའི་རྟ་མཆོག་གི་ལས་དབང་བརྗོད་གཞིར་བཟུང་ནས། སྲོལ་རྒྱུན་གྱི་རྩྭ་ཐང་རྟའི་རིག་གནས་དང་དེང་རབས་སྐྱ་རྩལ་རིག་གནས་དབར་གྱི་བརྗེ་རེས་དང་མཉམ་བསྲེས་ཀྱི་གཏམ་རྒྱུད་བརྗོད་ཅིང་། རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་བའི་མི་རྣམས་ཕན་ཚུན་གདོང་ཐུག་བྱེད་པ་ནས་ཕན་ཚུན་དང་ལེན་བྱས་པའི་གོ་རིམ་བརྗོད་དེ། སྲོལ་རྒྱུན་རྩྭ་ཐང་རྟའི་རིག་གནས་ཀྱི་གཏིང་ཟབ་པའི་བརྗོད་སྙིང་དང་དེང་རབས་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་གསལ་བཤད་བྱས་ཡོད།
        《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་ཡང་འདི་ལྟ་བུའི་རྒྱལ་ལྗོངས་འོག  རྟའི་ལས་དབང་བརྒྱུད་དེ་རྟ་དང་མིའི་དེང་རབས་སྤྱི་ཚོགས་ཁྲོད་ཀྱི་ཉོག་འཛིང་གི་འབྲེལ་བ་མཚོན་པར་བྱེད་ཅིང་། རྩྭ་ཐང་རྟའི་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་མངོན་པ་དང་ཆབས་ཅིག   དེང་རངས་ཀྲུང་གོའི་མི་རིགས་མང་པོའི་རིག་གནས་མཉམ་དུ་འཕེལ་རྒྱས་བྱེད་པའི་དུས་རབས་ཀྱི་ཁྱད་ཆོས་མཚོན་པར་བྱས།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་པ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ།
  • ལེ་ཚན་རྗེས་མ།:ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭའི་སྐབས་བཞི་བའི་གཞི་རིམ་རྐང་འཛིན་དགེ་རྒན་གསོ་སྦྱོང་།
  • དོ་སྣང་ཆེ་བའི་རྩོམ།