ཞིན་ཅང་གིས་བསྟུད་མར་ལོ་གསུམ་ནང་ནོར་སྲིད་གཏོང་སྤྲོད་ཀྱི་བཅུ་ཆ་བདུན་དེ་དམངས་འཚོར་བཏང་།
(གངས་སྐྱིད་ཀྱིས་བསྒྱུར།) 2013-05-23
ཞིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་འབྱོར་བའི་གཏམ་གསར། ཞིན་ཅང་ཨུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་ཞིན་ཅང་ལས་ཀའི་སྐོར་གྱི་བཞུགས་མོལ་གྲོས་ཚོགས་འཚོགས་ཏེ་ལོ་གསུམ་རིང་ཞིན་ཅང་གི་ནོར་སྲིད་ཀྱིས་རྒྱུན་ཆད་མེད་པར་དམངས་འཚོ་སྐྲུན་པར་གཟིགས་སྐྱོང་བྱས་པས། དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དང་དམངས་འཚོའི་རྣམ་གྲངས་ཁག་ལག་ལེན་བསྟར་བར་རྒྱུན་མཐུད་དུ་སྐུལ་སྤེལ་བཏང་ཡོད། 2010ལོ་ནས2012ལོའི་བར། ཞིན་ཅང་ནོར་སྲིད་ཀྱིས་དམངས་འཚོ་སྐྲུན་པར་བཏང་བའི་མ་དངུལ་སྒོར་དུང་ཕྱུར4829ལ་བསླེབས་ཏེ2009ལོའི་ཞིང་ཅང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་སྒོར་དུང་ཕྱུར550ལྷག་ཇེ་མང་དུ་ཕྱིན། ལོ་རེར་དམངས་འཚོ་སྐྲུན་པར་བཏང་བའི་ནོར་སྲིད་ཀྱི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྤྲོད་བསྡུར་ཚད་བརྒྱ་ཆ70ཡན་ཆད་ཡིན་པ།
2012ལོར་སླེབས་དུས། ཞིང་ཅང་གི་གྲོང་ཁྱེར་དང་གྲོང་གསེབ་ཏུ་རྒན་གསོ་ཉེན་འགོག་འགན་ལེན་ལམ་ལུགས་ཡོངས་སུ་ཁྱབ་ཡོད་ཅིང་། གཞི་རྩའི་སྨན་བཅོས་ཉེན་འགོག་འགན་ལེན་ལམ་ལུགས་སྒོ་ཀུན་ནས་བཙུགས་ཡོད། བདེ་སྡོད་དམངས་ཕྱུག་གི་སྡོད་ཁང་ཁྲི61.48དང་། གཞིས་ཆགས་པའི་འབྲོག་པའི་སྡོད་ཁང་ཁྲི5.4། འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི96བཅས་གསར་སྐྲུན་དང་བཅོས་འཛུགས་བྱས་ཡོད། གྲོང་རྡལ་དུ་འབར་རླུང་གི་ཁྱབ་ཚད་བརྒྱ་ཆ76ལ་ཟིན་པ་རེད། སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་ཁྲི7.5རྣམས་གཞི་རྩའི་ཐོག་ལས་ཞུགས་བྱེད་པར་མངོན་འགྱུར་བྱུང་བ། སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་ཁྲི2.3རྣམས་ཞིན་ཅང་གི་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་སོང་ནས་སྦྱོང་བརྡར་བྱས་རྗེས་ལས་ཞུགས་ཀྱི་ལས་རྐང་སྤྲད་ཡོད། གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོ་ཁྲི500ལྷག་གི་ཡོང་འབབ་སྒོ་ཀུན་ནས་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་རྟེན་དམའ་བའི་མི་སྣ་དང་། ཞིང་སྡེའི་འགན་ལེན་ལྔའི་དུས་ཚང་གི་བསྙེན་བཀུར་མི་སྣ། གཟིགས་སྐྱོང་མི་སྣ་བཅས་ཀྱིས་སྐབས་འཕྲལ་གྱི་རིན་གོང་གི་ཁ་གསབ་རོགས་དངུལ་ལ་ལོངས་སྤྱོད་བྱས་ཡོད།
ད་ལོར། ཞིན་ཅང་གིས་མུ་མཐུད་ནས་གཙོ་གནད་ཀྱི་དམངས་འཚོ་ཨར་ལས་ཅི་མགྱོ གས་གང་མགྱོ གས་བསྐྲུན་ནས་བདེ་སྡོད་དམངས་ཕྱུག་གི་སྡོད་ཁང་ཁྲི30བསྐྲུན་རྒྱུ་དང་། འབྲོག་དུད་ཁྲི2.71གཞིས་ཆགས་འབྲོག་དར་བྱེད་འཇུག་པའི་ཨར་ལས་ལག་ལེན་བསྟར་བ། འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི29.6དང་དེའི་སྒྲིག་སྦྱོར་སྒྲིག་ཆས་སྐྲུན་རྒྱུའི་ལས་འགན་ལེགས་འགྲུབ་བྱུང་བ། གཞིས་ཆགས་འབྲོག་པ་་དར་རྒྱས་ཨར་ལས་དང་དེའི་སྒྲིག་སྦྱོར་གཙོ་བའི་ཆུ་བེད་ཨར་ལས212དང་ཞིང་སྡེའི་གཞུང་ལམ་སྤྱི་ལེ4800ཐོགས་མེད་བདེ་བགྲོད་ཡོང་བའི་དམངས་ཕྱུག་ཨར་ལས་ལ་སྐུལ་འདེད་བཏང་ཡོད། འབར་རླུང་ཅན་དུ་གྱུར་བའི་ཨར་ལས་ལ་སྐུལ་འདེད་བཏང་སྟེ་དབུལ་ཕོངས་གྲོང་ཚོ623ལ་ཐོན་ལས་དབུལ་སྐྱོར་དང་དབུལ་སྐྱོར་ཐད་ཀྱི་སྦྱོར་བརྡར་བྱས་ཏེ་དབུལ་ཕོངས་མི་གྲངས་ཁྲི35ཉུང་དུ་ཕྱིན་པར་འགན་ལེན་བྱས་ཡོད།