ཀྲུང་དབྱང་ནོར་སྲིད་ཀྱི་སྒོར་དུང་ཕྱུར7བཏང་སྟེ་སྐམ་ཞིང་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་རྒྱབ་སྐྱོར་བྱས།

        2013-05-22

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་རྒྱུར།ཉེ་ཆར།ཀྲུང་དབྱང་ནོར་སྲིད་ཀྱིས2013ལོའི་སྐམ་ཞིང་ལག་རྩལ་ཁྱབ་གདལ་གཏོང་བར་མ་དངུལ་སྒོར་དུང་ཕྱུར7བཏང་སྟེ་ཀྲུང་གོའི་བྱང་རྒྱུད་དང་ནུབ་བྱང་རྒྱུད་སོགས་ཀྱི་ཞིང་ཆེན་དང་ལྗོངས7གྱིས་སྐམ་ཞིང་ལག་རྩལ་ཁྱབ་གདལ་གཏོང་བའི་ལས་ཀ་སྤེལ་བར་རྒྱབ་སྐྱོར་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་འོག རང་རྒྱལ་གྱི་སྐམ་ཞིང་ཞིང་ལས་ཀྱི་འདེབས་འཛུགས་ལག་རྩལ་ལ་འཕེལ་རྒྱས་དང་གསར་སྐྲུན་བྱུང་ནས་རང་རྒྱལ་གྱི་བྱང་རྒྱུད་དང་ནུབ་བྱང་རྒྱུད་ཀྱི་སྐམ་ཁུལ་གྱི་ཞིང་ལས་རྨོ་ཞིང་གི་རྣམ་པ་འཕོ་འགྱུར་བྱས་ཤིང་།ཞིང་ས་དྲོད་འཛིན་དྲོད་འཕེལ་ལ་སྐུལ་འདེད་བྱས་པས་ཕན་ནུས་ལྡན་པའི་སྒོས་རྨོ་ཞིང་གི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་མཐོ་རུ་བཏང་སྟབས།བྱང་རྒྱུད་སྐམ་ཁུལ་གྱི་ཞིང་ལས་ཐོན་སྐྱེད་ལ་ལག་རྩལ་གྱི་རྒྱབ་རྟེན་མཁོ་འདོན་བྱས་པ་དང་འབྲུ་རིགས་མུ་མཐུད་ནས་ཐོན་འཕར་ཡོང་བར་རྨོང་ཞིང་ཐོན་ཁུངས་གསར་པ་བེད་སྤྱོད་བྱེད་ཆོག་པ་དང་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་སའི་ཐབས་ལམ་གསར་པ་རྙེད་པ་རེད།  ནོར་སྲིད་པུའུ་ཡིས་བཤད་རྒྱུར།ཕྱིན་ཚད་ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་ནས་ནོར་སྲིད་གཏོང་སྤྲོད་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་སྐམ་ཞིང་ལག་རྩལ་ཁྱབ་གདལ་གཏོང་བའི་ལས་ཀར་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་སྐམ་ཁུལ་གྱི་ཞིང་ལས་སྐྱོན་བྲལ་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་ཀན་ལྷོའི་སྙན་ངག་པ་དང་འབྲེལ་བའི་གླེང་མོལ་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:རྣོ་སྦྲེང་ལགས་ཀྱི་དངོས་ཞུའི་གློག་བརྙན་བརྩམས་ཆོས《གཞོན་པའི་ལྷག་བསམ》ཞེས་པ་གཏོང་ལ་ཉེ།
  • དོ་སྣང་ཆེ་བའི་རྩོམ།