རྣོ་སྦྲེང་ལགས་ཀྱི་དངོས་ཞུའི་གློག་བརྙན་བརྩམས་ཆོས《གཞོན་པའི་ལྷག་བསམ》ཞེས་པ་གཏོང་ལ་ཉེ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-05-23

རྣོ་སྦྲེང་ལགས་ཀྱི་དངོས་ཞུའི་གློག་བརྙན་བརྩམས་ཆོས《གཞོན་པའི་ལྷག་བསམ》ཞེས་པ་གཏོང་ལ་ཉེ།
རྣོ་སྦྲེང་ལགས་ཀྱི་དངོས་ཞུའི་གློག་བརྙན་བརྩམས་ཆོས《གཞོན་པའི་ལྷག་བསམ》ཞེས་པ་གཏོང་ལ་ཉེ།

  བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་རྣོ་སྦྲེང་ལགས་ཀྱི་དངོས་ཞུའི་གློག་བརྙན་བརྩམས་ཆོས《གཞོན་པའི་ལྷག་བསམ》ཞེས་པ་དེ་དུས་མཇུག་གི་སྒྲིག་བཟོ་ཡོངས་སུ་ལེགས་འགྲུབ་བྱུང་ནས། ད་ལྟ་བརྙན་འཕྲིན་ཁང་དང་དྲ་རྒྱའི་སྟེང་གཏོང་བར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། མི་འགྱངས་པར་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།
  《གཞོན་པའི་ལྷག་བསམ》ཞེས་པ་ནི་རྣོ་སྦྲེང་ལགས་ཀྱི་གློག་བརྙན་ཐུང་གྲས《གྱེས་བྲལ》ཞེས་པའི་རྗེས་སུ། ཡང་བསྐྱར་ཡུལ་མཐའི་བྱིས་པ་དང་སློབ་སྐྱོར་དགེ་རྒན་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ་དངོས་བརྗོད་བྱ་རུ་བྱས་པའི་དངོས་ཞུའི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ཞིང་། དངོས་ཞུའི་གློག་བརྙན་འདིར་བརྒྱུད་ནས་སྤྱི་ཚོགས་ཡོངས་ཀྱིས་ཡུལ་མཐའི་སློབ་མ་དང་སློབ་སྐྱོར་དགེ་རྒན་རྣམས་ལ་ཐུགས་ཁུར་བྱེད་དགོས་པའི་འབོད་སྐུལ་བཏང་བའོ། །

  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱི་སྒོར་དུང་ཕྱུར7བཏང་སྟེ་སྐམ་ཞིང་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་རྒྱབ་སྐྱོར་བྱས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།