ལྷམོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-05-22
ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་ཀན་ལྷོའི་སྙན་ངག་པ་དང་ལུའུ་ཡོན་
རྩོམ་རིག་ཚོགས་པའི་ཚོགས་མིའི་གླེང་མོལ་ཚོགས་འདུ་བསྡུས་པ།
ཟླ5བའི་ཚེས18ཉིན་གྱི་ཕྱི་དྲོ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས“ཀན་ལྷོའི་དག་ཞིང་ཞིག་ལ་སྙན་ངག་དང་། འཚོ་བ་ཞིག་ལ་འཕུར་བསྐྱོད་ཟེར”ཞེས་པ་གླེང་མོལ་ཚོགས་འདུའི་བརྗོད་དོན་དུ་བཟུང་སྟེ། བཀྲ་ཤིས་ཚེ་རིང་དང་། མུའུ་ཧྥུན། ཝང་ལེ་སོགས་ཀན་ལྷོའི་སྙན་ངག་པ་སྐོར་ཞིག་གདན་འདྲེན་ཞུས་ཡོད་ཅིང་། ཨན་ཧྲོའོ་ལུང་སོགས་རྒྱའི་སྐད་ཡིག་ཚན་ཁག་གི་དགེ་རྒན8དང་ལུའུ་ཡོན་རྩོམ་རིག་ཚོགས་པའི་ཚོགས་མི30ཐེངས་འདིའི་གླེང་མོལ་དུ་ཞུགས་པ་དང་། ཚོགས་འདུ་འདི་སློབ་གླིང་དཔེ་མཛོད་ཁང་གི་ཚོམས་ཆེན་དང་པོ་རུ་བསྡུས་ཤིང་། རྒྱའི་སྐད་ཡིག་ཚན་ཁག་གི་ཧྲུའུ་ཅིའམ་དཔྱད་འཇོག་པ་ཨན་ཧྲོའོ་ལུང་གིས་ཚོགས་འདུར་མདོ་འཛིན་མཛད།
གླེང་མོལ་གྱི་སྐབས་སུ། སྙན་ངག་པ་སོ་སོས་རང་ཉིད་ཀྱི་གཏམ་བཤད་སྤེལ་ཞིང་། བཀྲ་ཤིས་ཚེ་རིང་གིས་ཁ་བྱང་ལ《སྙན་ངག་གི་སེམས་ཁམས་ཤིག་ཇི་ལྟར་གསོ་སྐྱོང་བྱེད་པ》ཞེས་པའི་གཏམ་བཤད་དང་། ཝང་ལེ་ཡིས《དུང་བརྗོད་སྙན་ངག་ཅིག་ལ་ཚང་དགོས་པའི་ཁྱད་ཆོས》ཞེས་པའི་གཏམ་བཤད་སྤེལ། དེ་མིན་རྒྱའི་སྐད་ཡིག་ཚན་ཁག་གི་འབྲེལ་ཡོད་དགེ་རྒན་གྱིས་ཀྱང་ཆེད་དོན་གཏམ་བཤད་སྤེལ་བ་དང་། ལུའུ་ཡོན་རྩོམ་རིག་ཚོགས་པའི་ཚོགས་མིས་རྩོམ་འབྲིའི་ཁྲོད་འཕྲད་པའི་དཀའ་ངལ་སོགས་རེ་རེ་བཞིན་བརྗོད་དེ་སྙན་ངག་པ་དང་སློབ་མའི་བར་རང་དབང་སྒོས་འབྲེལ་འདྲིས་བྱས་སྟབས། གླེང་མོལ་གྱི་ཁ་དབུགས་ཀྱང་སྔར་ལས་སྤྲོ་སེམས་འཁོལ་བར་གྱུར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10