ཀླུ་འབུམ་བྱམས། ཞིན་ཧྭ་གསར་འགྱུར་དྲ་བ། 2013-05-22
ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་དངོས་གཉེར་མཉམ་ལས་ཟབ་མོ་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། ལྟ་བ་གཙོ་བོ་གཅིག་མཐུན་བྱུང་།
ཀྲང་ཀའོ་ལིས་ཀྱིས་རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་ཆེད། ཕྱོགས་གཉིས་ཀས་ངེས་པར་དུ་ཕྱོགས་ལྔའི་བྱ་བ་ལེགས་པོར་སྒྲུབ་དགོས་ཏེ། གཅིག་ནས་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པ། གཉིས་ནས་རོགས་སྐྱོར་དངུལ་བུན་གཏོང་བའི་ལས་གཞི་དངོས་འབེབས་བྱེད་པ། གསུམ་ནས་ནུས་ཁུངས་མཉམ་བྱེད་པ། བཞི་ནས་ས་གནས་བར་མཉམ་ལས་ཟབ་མོ་བྱེད་པ། ལྔ་ནས་འཕྲིན་གཏོང་མཉམ་ལས་ལ་ཤུགས་སྣོན་པ་དང་། རེ་བ་ལ་ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཐ་ཅི་ཁི་སི་ཐན་ནས་མ་དངུལ་གཏོང་བ་དང་བྱེད་སྒོ་སྤེལ་བར་མཐུན་རྐྱེན་བསྐྲུན་དགོས་ཞེས་གསུངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10