བོད་ལྗོངས་ཀྱིས་དམངས་ཕན་མ་དངུལ་ལ་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་བ།
ཀྲུང་གོ་བོད་ཀྱི་དྲ་བ། 2014-11-27
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་གྱིས་དམངས་ཕན་མ་དངུལ་དོ་དམ་བེད་སྤྱོད་གནས་ཚུལ་ལ་ཆེད་དུ་ཞིབ་བཤེར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་གི་སྐོར་གཟིགས་ཚན་ཁག་སྐོར་བཞི་བའི་ཕྱིར་འདྲེན་གནས་ཚུལ་ལ་བཟོ་བཅོས་དང་དངོས་འབེབས་བྱེད་པ་དང་། དམངས་ཕན་མ་དངུལ་དོ་དམ་བེད་སྤྱོད་གནས་ཚུལ་ཞིབ་བཤེར་བྱེད་པའི་བྱ་བ་ཆེད་དུ་བཀོད་སྒྲིག་བྱས། དེ་དང་ཆབས་ཅིག བོད་ལྗོངས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ལྟ་ཞིབ་ཐིན། ནོར་སྲིད་ཐིན། རྩིས་བཞིར་ཐིན་བཅས་ཀྱིས་མཉམ་འབྲེལ་འོག《དམངས་ཕན་མ་དངུལ་དོ་དམ་བེད་སྤྱོད་གནས་ཚུལ་ལ་ཆེད་དུ་ཞིབ་བཤེར་བྱེད་པའི་བརྡ་སྦྱོར》བཏང་སྟེ། ཆེད་སྤེལ་ཞིབ་བཤེར་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད་རེ་བ་བཏོན། ཆེད་སྤེལ་ཞིབ་བཤེར་བྱ་འགུལ་དེ་ཟླ11པའི་ཚེས20ཉིན་དངོས་སུ་སྤེལ་འགོ་བརྩམས་ཤིང་། ཟླ12པའི་ཚེས20ཉིན་མཇུག་རྫོགས་རྒྱུ་རེད། །