ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ།

        2014-11-27

ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ།
 

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་མཛད་སྒོར་ཞུགས་ཏེ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
       ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་འདི་ནི་རྒྱལ་ཁབ་གློག་དྲ་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་66.3བཏང་ནས་ཟླ་བརྒྱད་རིང་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ལས་གྲྭ་དེས་འབྱུང་འགྱུར་གྱི་ལོ་དུ་མའི་རིང་བོད་ལྗོངས་ཆབ་མདོ་ས་ཁུལ་དང་སི་ཁྲོན་དཀར་མཛེས་ལྷོ་རྒྱུད་ས་ཁུལ་གྱི་གློག་མཁོ་འདོན་ཐད་མཐུན་རྐྱེན་སྐྲུན་རྒྱུ་མ་ཟད། ཆབ་མདོ་ས་ཁུལ་གྱི་མི་ཁྲི་50ལྷག་གི་གློག་བཀོལ་སྤྱོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་དམངས་ཕན་མ་དངུལ་ལ་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་བ།
  • ལེ་ཚན་རྗེས་མ།:སྙན་ངག་པ་ནོར་བུ་རྣམ་རྒྱལ་ལ2014ལོའི་ཀྲུང་གོའི་ལྷུག་རྩོམ་སྙན་ངག་འགྲན་སྡུར་གྱི་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།