སྙན་ངག་པ་ནོར་བུ་རྣམ་རྒྱལ་ལགས་ལ2014ལོའི་ཀྲུང་གོའི་ལྷུག་རྩོམ་སྙན་ངག་འགྲན་སྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ།
ཉེ་ཆར། 2014ལོའི་ཀྲུང་གོའི་ཞིང་ཞིང༼ཧེང་ཧྲེང་ཐུང༽རྟགས་མའི་རྒྱལ་ཡོངས་ལྷུག་རྩོམ་སྙན་ངག་འགྲན་སྡུར་གྱི་བྱ་དགའ་གནང་བའི་ཚོགས་འདུ་དེ་ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་དུ་བསྡུས་པ་རེད། ཚོགས་འདུ་དེ་ཞིང་ཞིང་སྙན་དེབ་ཁང་ནས་གཙོ་སྒྲུབ་དང་། ཧྲན་ཞི་ཧེང་ཧྲེང་ཐུང་ཚོགས་པས་རོགས་སྐྱོར་སྒྲུབ་འགན་གནང་བ། ཡུན་ཁྲེང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཡུན་ཁྲེང་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་གཉིས་ནས་སྒྲུབ་རོགས་བྱས། འགྲན་སྡུར་དེ་ད་ལོའི་སྤྱི་ཟླ7པ་ནས་མགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་ཨ་མེ་རི་ཁ། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་སོགས་ཀྱི་རྩོམ་པ་པོ1200ལྷག་གིས་བརྩམས་ཆོས6000ཉེ་བ་འབྱོར། དེ་ལས་བརྩམས་ཆོས80བདམས་ཐོན་བྱུང་ཞིང་། མཇུག་མཐར་རེ་རེ་བཞིན་མིང་མ་བཀོད་པར་སྐར་མ་བརྒྱབ་སྟེ། ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་བྱ་དགའ་བཅས་རིམ་པ་བཀར། བོད་ཀྱི་ན་གཞོན་སྙན་ངག་པ་ནོར་བུ་རྣམ་རྒྱལ་གྱི་ལྷུག་རྩོམ་སྙན་ངག 《 བླ་བྲང་། ངའི་སྐྱེ་བ་སྔ་ཕྱི》 ༼སྙན་ཚོམ༽ཞེས་པར་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།