རྒྱལ་ཡོངས་རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་གཅེས་སེམས་ཕུལ་བའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་པེ་ཅིན་དུ་འགོ་ཚུགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-05-15

ཝུན་ཁྲོན་དུ་ས་ཡོམ་བྱུང་ནས་ལོ5སོང་བའི་སྐབས་འདིར། ཡོམ་འགོག་གནོད་སེལ་གྱི་དཔའ་བོ་ཆུང་ཆུང་ལིང་ཧོ་ཡིས་སི་ཁྲོན་བའི་ཚབ་ཞུས་ཏེ། མི་དམངས་ཚོགས་ཁང་ཆེན་མོར་གཉེར་བའི་ཝུན་ཁྲོན་སེམས་ལ་བཞག་སྟེ། གཡག་རྔ་བསྐྱར་འཛུགས་བྱེད་ཅེས་པའི་ཀྲུང་གོར་དྲིན་ལན་འཇལ་བ་ཞེས་པའི་རྒྱལ་ཡོངས་རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་གཅེས་སེམས་ཕུལ་བའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས་པ་མ་ཟད། རང་ལ་གློག་བརྙན་འཁྲབ་ནས་ཐོབ་པའི་དངུལ་སྒོར་ཁྲི1སི་ཁྲོན་ཞིང་ཆེན་བསྐྱར་འཛུགས་ཐེབས་རྩར་ཞལ་འདེབས་བརྒྱབ་ནས། སི་ཁྲོན་མི་དམངས་ཀྱིས་གནོད་འཚེའི་མདུན་དུ་སྔར་བཞིན་བློ་རྩ་བརྟན་པ་དང་། དཔའ་ངར་ཆེ་བ། རང་གིས་རང་ལ་ཡིད་ཆེས་བྱེད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྤྱི་ཕན་བྱེད་སྒོ་དེ་ལོ1དང་ཕྱེད་ཀ་སྤེལ་རྒྱུ་ཡིན་པ་དང་། གཙོ་གཉེར་ཚན་པས་རྒྱལ་ཡོངས་མི་དམངས་ཀྱི་ས་ནས་བརྗོད་བྱ་གཙོ་བའི་གཅེས་སེམས་མཚོན་པའི་ལེ་ཚན་བསྡུ་ལེན་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་གཅེས་སེམས་ཆེ་བའི་ཁེ་ལས་དང་། ཁེ་ལས་མཁས་ཅན། གྲུབ་འབྲས་ཐོབ་པའི་མི་སྣ་བཅས་ཀྱི་ས་ནས་ཞལ་འདེབས་བསྡུ་རྒྱུ། རྒྱལ་ཡོངས་ཀྱི་སྒྱུ་རྩལ་པ་གྲགས་ཅན་གྱི་ས་ནས་བརྗོད་བྱ་གཙོ་བོའི་ཡིག་རིས་སྒྱུ་རྩལ་བརྩམས་བྱ་བསྡུ་ལེན་བྱས་ཏེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་བསྡུ་ལེན་བྱས་པའི་བརྩམས་བྱ་དེ་དག་སྐོར་བསྐྱོར་འགྲེམས་སྟོན་བྱ་རྒྱུ་བཅས་ཡིན་པ་རེད།  །

  • ལེ་ཚན་སྔོན་མ།:ཁྱིམ་བྱའི་གསོ་ཚགས་ལས་རིགས་ཀྱི་གྱོང་གུན་སྲིད་ཇུས་ཀྱིས་ཟུར་སྐྱོར་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མོ་ལོས་ཨར་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།