ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-05-15
ཀྲུང་གོའི་ཕྱུགས་ལས་མཐུན་ཚོགས་ཀྱིས་ཚོད་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་ཁྱབ་ཁོངས་ནང་། ཁྱིམ་བྱའི་གསོ་ཚགས་ལས་རིགས་ལ་གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར400ལས་བརྒལ་ཡོད་པ་རེད། ཞིང་ལས་པུས། ཁྱིམ་བྱ་ལས་སྣོན་བྱེད་མཁན་གྱི་ཁེ་ལས་གཙོ་བོར་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་གྱི་སྐྱེད་ཀ་དུས་ཐུང་ཁ་གསབ་སྤྲོད་རྒྱུ་དང་། ལས་སྣོན་ཁེ་ལས་ཀྱིས་གསོག་ཉར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད་ཡིད་རྟོན་དངུལ་ཁང་སོགས་ས་གནས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ཁྱིམ་བྱ་གསོ་ཚགས་ར་བ་བཙུགས་པའི་ཁྱིམ་དུད་ལ་དངུལ་བུན་ཐད་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་དེ་དག་དཀའ་ངལ་ལས་གྲོལ་རོགས་བྱེད་རྒྱུའི་སྐུལ་མ་བཏང་ཡོད་པ་རེད།
ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུས། ང་ཚོས་འབྲེལ་ཡོད་ས་གནས་ཀྱིས་སྲིད་ཇུས་བཏོན་ཏེ། ཚོང་གཉེར་ཐད་ཐད་ཀའི་ཤུགས་རྐྱེན་དང་གྱོང་གུན་ཕོག་པའི་གསོ་ཚགས་ར་བ་དང་གསོ་ཚགས་ཁྱིམ་དུད་ལ་ཟུར་སྐྱོར་བྱེད་རྒྱུ་དང་། ལྷག་པར་དུ་ང་ཚོའི་བྱ་རིགས་ཐོན་ལས་ཀྱི་ཐོན་སྐྱེད་ནུས་པ་སྟེ། བྱ་རིགས་ཀྱི་ཐོན་སྐྱེད་ནུས་པའམ་ཞིབ་ཕྲ་ནས་བཤད་ཚེ་རྒྱུད་འཕེལ་བྱ་དེར་སྲུང་སྐྱོབ་བྱེད་རྒྱུ་དར་སྤེལ་ཤུགས་ཆེན་གཏོང་གི་ཡོད་ལ་དེར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10