མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-05-15
སྤྱི་ཟླ5བའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མོ་ལོས་ཨར་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས13ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མོ་ལོས་ཨར་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་རྒྱ་གྲམ་དམར་པོའི་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཧུར་ཐག་སྒོས་རྒྱལ་སྤྱིའི་མི་ཆོས་རོགས་སྐྱོར་ཁྲོད་དུ་ཞུགས་ནས། ཉམས་ཞན་མི་སྣ་སྔར་ལས་མང་པོ་ཞིག་ལ་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། རང་ལ་ནུས་པ་ཡོད་པའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ལག་བསྟར་བྱས་ནས། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།
ཀི་པུའུ་ཀྲ་ཡིས་ཀྲུང་གོས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་བར་གྱི་མཉམ་ལས་རྒྱ་བསྐྱེད་ནས། འཛམ་གླིང་གི་ཁྱབ་ཁོངས་སུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་འགུལ་ཧུར་ཐག་སྒོས་སྤེལ་འདོད་ཡོད་པའི་ཚུལ་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10