2012ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དེ་ལས་གཞི་རྫོང་གཙོ་ཡིན་པའི་འཛུགས་སྐྲུན་ལས་ཁུངས་སུ་བཟུང་སྟེ། ས་གནས་དང་བསྟུན་པའི་སྒོ་ནས། ཕྱོགས་བསྡུས་རང་བཞིན་གྱི་གསར་སྤེལ་བྱེད་སྟངས་སྤྱད་པ་དང་། གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། ཚན་རིག་དང་མཐུན་པའི་འཆར་གཞི་ལག་བསྟར་བྱེད་པ། གཅིག་བསྡུས་སྒོས་མ་དངུལ་བཏང་བ་དང་ཐོན་ཁོངས་སྲུང་སྐྱོབ་དམིགས་སུ་བཟུང་པ། འོས་མཐུན་གྱི་བེད་སྤྱོད་བྱེད་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་ལ་ཤུགས་སྣོན་པ་སོགས་ཞིང་ལས་ཐོན་སྐྱེད་ཀྱི་གཞི་རྩའི་ཆ་རྐྱེན་ལེགས་བསྒྱུར་བྱས་པ་དང་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་བཏང་བ། དགེ་མཚན་ལྡན་པའི་ཐོན་ལས་ཧུར་བརྩོན་སྒོས་དར་སྤེལ་བྱས་པ། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་མཐོར་འདེགས་སུ་བཏང་ནས། ལས་གཞི་ཁུལ་གྱི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བྱས།
ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་བརྒྱུད། ལས་གཞི་ཁུལ་གྱི་འཛུགས་སྐྲུན་ཐད་དུ་ཞིང་སྡེའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པ་དང་། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། ཞིང་ལས་ཐོན་སྐྱེད་སྒྲིག་གཞི་ལེགས་སྒྲིག་བྱེད་པ། ཞིང་ལས་གཞི་ཁྱོན་ཅན་གྱི་ཚོང་གཉེར་བྱེད་པ་དང་། ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་སུ་གཏོང་བ་བཅས་ལ་སྐུལ་འདེད་ཀྱི་ནུས་པོ་ཆེན་པོ་ཐོན།