ཟི་ཁྲོན་ལུའུ་རྫོང་གི་སོལ་གཏེར་དུ་སོལ་རླངས་འགས་གཏོར་བྱུང་སྟེ་མི27རྐྱེན་ལམ་དུ་ཤོར་བ།

        2013-05-15

ཚེས11ཉིན་གྱི་ཕྱི་དྲོའི་དུས་ཚོད2དང་སྐར་མ15ཡས་མས་སུ། ཟི་ཁྲོན་ཞིང་ཆེན་ལུའུ་ཀྲིག་གྲོང་ཁྱེར་ལུའུ་རྫོང་ཐའོ་ཙི་གུག་སོལ་གཏེར་དུ་སོལ་རླངས་འགས་གཏོར་གྱི་དོན་རྐྱེན་བྱུང་།

གསར་འགོད་པས་ཟི་ཁྲོན་ཞིང་ཆེན་སྲིད་གཞུང་འཕྲལ་བསྟུན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས11ཉིན་གྱི་དགོང་མོའི་དུས་ཚོད11དང་སྐར་མ13བར་དུ། གཏེར་ཁྲོན་འོག་ཏུ་མནན་པའི་མི81བསྐྱབས་ལ། དེའི་ནང་གི་མི5ལ་རྨས་ལྗིད་མོ་ཕོག་ཡོད་པ་དང་། མི11ལ་རྨས་ཡང་མོ་ཕོག་ཡོད། མི27དོན་རྐྱེན་དེའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཟེར།  ། 

  • ལེ་ཚན་སྔོན་མ།:རེབ་གོང་སྒོ་དམར་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་མ་དངུལ་སྒོར་ཁྲི2300ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཕྱོགས་སུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།