ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2013-05-13

 ཉེ་བའི་ལོའི་རིང༌ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣར་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་གོང་འཕེལ་གྱི་འཐབ་ཇུས་ལ་གཞིགས་ཏེ་ཆེད་ལས་ལག་རྩལ་པ་གསར་པ་བསྡུས་ནས་གཞི་རིམ་དུ་གཏོང་རྒྱུར་འདེགས་སྐྱོར་བྱེད་པ་དང༌། གསོ་རིག་ཆེད་ལས་ཐོན་པའི་ཕུལ་བྱུང་སློབ་གྲྭ་ཆེ་མོ་བ་དང་ཉམས་མྱོང་ཡོད་པའི་ནད་ཐོག་གསོ་རིག་གི་ཆེད་ལས་ལག་རྩལ་པ་གདན་འདྲེན་ཞུ་རྒྱུས་བྱ་ཐབས་གཙོ་བོ་བྱས་ཏེ་གཞི་རིམ་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ2010ལོར་ལྷ་ས་གྲོང་ཁྱེར་ལ་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་པ1000ལྷག་ཙམ་ཡོད་པ་དང༌། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཤེས་་ལྡན་པ1200ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།

    སྤྱི་ལོ2013ལོར་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལ་ཆེད་ལས་ཤེས་ལྡན་པ90ལྷག་ཙམ་རེ་ཞུ་བྱས་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ཁ་ཚ་དགོས་གཏུགས་གི་ཤེས་ལྡན་པ་དཀོན་པའི་གནས་ཚུལ་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ནང་སའི་མཐོ་རིམ་སློབ་གྲྭར་དགོས་མཁོ་ཆེ་བའི་ཤེས་ལྡན་པ་འདེམས་མཁན་ཐེངས་མང་བཏང་ཡོད་པ་རེད།

    ད་བར་ཐབས་ལམ་སྣ་ཚོགས་བརྒྱུད་སྨན་དོན་གྱི་ཆེད་ལས་ཤེས་ལྡན་པ་དྲུག་ཅུ་ལྷག་ཙམ་གདན་འདྲེན་ཞུས་ཏེ། ཞིང་འབྲོག་ཁུལ་གྱི་གཞི་རིམ་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་གོང་འཕེལ་སྟོབས་ཆེར་གཏོང་རྒྱུའི་ཐད་གསོན་ཤུགས་གསར་པ་སྦྱིན་ཡོད། ད་ལོ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁ་ཚ་དགོས་གཏུགས་གི་ཤེས་ལྡན་པ་གདན་འདྲེན་ཞུ་བའི་དགོས་མཁོར་གཞིགས་ནས། འཕྲོད་བསྟེན་གྱི་ཤེས་ལྡན་པ་དང་ལྷག་པར་དུ་ནད་ཐོག་གསོ་རིག་གི་ཆེད་ལས་ཤེས་ལྡན་པས་གཙོ་བོ་བྱས་ཏེ། ནད་ཐོག་གསོ་རིག་གི་ཆེད་ལས་ཤེས་ལྡན་པ27གདན་འདྲེན་ཞུ་རྩིས་ཡོད་པ་རེད།   །

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ཀུད་ཡང་དུ2013ལོའི་ཀྲུང་གོའི་རྒྱལ་ནང་ཡུལ་སྐོར་སྤེལ་རེས་ཚོགས་འདུ་འཚོག
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་གཙོ་འགན་བཞེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།