ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ཀུད་ཡང་དུ2013ལོའི་ཀྲུང་གོའི་རྒྱལ་ནང་ཡུལ་སྐོར་སྤེལ་རེས་ཚོགས་འདུ་འཚོགས་པ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2013-05-13

ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཀུད་ཀྲུའུ་ཞིང་ཆེན་ཀུད་ཡང་གྲོང་ཁྱེར་དུ་གཉེར་བའི་སྤྱི་ལོ2013ལོའི་ཀྲུང་གོའི་རྒྱལ་ནང་ཡུལ་སྐོར་སྤེལ་རེས་ཚོགས་འདུར་ཞུགས་པ་རེད།

    སྤེལ་རེས་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ཡིག་གེ་དང་པར་རིས། མཚམས་སྦྱོར་ཚན་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་སྤྱི་དམངས་ལ་ལྷ་ས་དྲིལ་བསྒྲགས་བྱས་པ་དང༌། ས་མཐོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས། ཡུལ་་སྲོལ་གོམས་གཤིས། ཡུལ་སྐོར་ཐོན་ཁུངས་དང་ཐོན་རྫས་ལམ་ཐིག་བཅས་ངོ་སྤྲོད་བྱས་ནས། མི་དེ་བས་མང་བས་ལྷ་སའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་ཐུབ་པ་བྱས་ཡོད། ལྷོ་ནུབ་ཁུལ་གྱི་འགྲུལ་ཁུངས་ཁྲོམ་རར་ཁྱབ་འགྱེད་དང་རྒྱལ་ནང་གི་འགྲུལ་ཁུངས་སྲ་བརྟན་དང་གསར་འབྱེད་བྱེད་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།  

  • ལེ་ཚན་སྔོན་མ།:«ཟངས་ལས་བྱུང་བའི་བྱིན་མཐུ»ཞེས་པའི་ནང་བསྟན་འབུར་བརྐོས་སྒྱུ་རྩལ་འགྲེམ་སྟོན་བྱེད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།