ལི་ཁེ་ཆང་གིས་གཙོ་འགན་བཞེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

གངས་སྐྱིད་ཀྱིས་བསྒྱུར།        2013-05-14

 དེང་སྐབས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་དང་ཚོང་རའི་མཁོ་འདོན་དང་རིན་གོང་བརྟན་བརླིང་སོགས་ཀྱི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་།རྒྱལ་སྲིད་སྤྱི་་ཁྱབཁང་གི་ཙུང་ལི་ལི་ཁ་ཆང་གིས་ཟླ་བ5པའི་ཚེས8ཉིན་གཙོ་འགན་བཞེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ།དེང་སྐབས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་དང་ཚོང་རའི་མཁོ་འདོན་དང་རིན་གོང་བརྟན་བརླིང་སོགས་ཀྱི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
    གྲོས་ཚོགས་ཐོག་བསྟན་དོན། འབྲུ་རིགས་དང་གསོན་ཕག་ཁྱིམ་བྱ་སོགས་ཀྱི་ཐོན་སྐྱེད་བྱེད་པ་དང་ཚོང་རའི་མཁོ་འདོན་འགན་སྲུང་བྱེད་པའི་ལས་ཀར་ཡག་པོ་འཛིན་དགོས་ཤིང་། གཅིག་ནི་ཞིང་ལས་དུས་སྐབས་གེ་མི་བཅག་སྟེ་དཔྱིད་རྨོད་དང་། དཔྱིད་འདེབས། དཔྱད་རྨོད་ལོ་ཐོག་དོ་དམ་སོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་པ་་དང། དབྱར་ཐོག་དང་སྔ་སྨིན་འབྲས་ཀྱི་ཞིང་ཁ་བདག་གཉེར་བྱ་རྒྱུར་ཁྲིད་སྟོན་དང་སྒྲིག་འཛུགས་ཡག་པོ་བྱེད་དགོས། ཤར་བྱང་ས་ཁུལ་གྱིས་ས་བོན་མྱུར་འདེབས་བྱ་རྒྱུའི་ལས་ཀར་ཡག་པོ་འཛིན་དགོས། བྱེད་ཐབས་མང་པོ་བླངས་ཏེ་འཕྲུལ་ཆས་ཆེན་པོས་ས་ཞིང་རྨོ་འདེབས་བྱེད་པར་རྒྱབ་སྐྱོར་བྱས་ཏེ་སྟོན་ཐོག་ལོ་ལེགས་བར་བརྟན་བརླིང་ཡོང་བར་ཆ་རྐྱེན་སྐྲུན་དགོས། གཉིས་ནི་རྒྱུན་ཆད་མེད་པར་གསོན་ཕག་གཞི་ཁྱོན་ཅན་དུ་ཐོན་སྐྱེད་བྱེད་པའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། རྒྱལ་ཁབ་དང་ཚོང་ལས་ཀྱི་གསོག་འཇོག་འཕར་སྣོན་གཏོང་བ་སོགས་ཀྱི་བྱེད་ཐབས་མང་པོ་བླངས་ཏེ་ཕག་ཤ་གསོག་ཉར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕག་ཤའི་རིན་གོང་བརྟན་བརླིང་དང་ཕག་བསུ་བའི་ཡིད་ཆེས་མཐོ་རུ་གཏོང་དགོས། གསུམ་ནི་བཤས་གཡག་དང་བཤས་ལུག་དམིགས་ཚན་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བའི་རྨང་གཞི་སྒྲིག་ཆས་སྐྲུན་པར་རྒྱབ་སྐྱོར་བྱེད་དགོས། བཞི་ནི་སྟོབས་ཤུགས་ཡོད་དགུས་མིརH7N9ཞེས་པའི་བྱ་ནད་མ་འགོས་པའི་སྔོན་བཅོས་ལས་ཀ་ཡག་པོ་སྒྲུབ་དགོས་པའི་དུས་མཚུངས་སུ་བརྟན་བརླིང་ངང་ཁྱིམ་བྱ་ལས་རིགས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་བླངས་ཏེ་སོན་ཕྱུགས་ཀྱི་ཐོན་སྐྱེད་བྱེད་ནུས་སྲུང་སྐྱོང་བྱེད་དགོས། ལྔ་ནི་ལུའུ་ཧྲན་འགུལ་སྐྱོན་ཐེབས་ཁུལ་གྱི་ཞིང་ལས་ཐོན་སྐྱེད་བསྐྱར་གསོ་ཅི་མགྱོ གས་གང་མགྱོ གས་བྱེད་དགོས། 
  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ།
  • ལེ་ཚན་རྗེས་མ།: ལྷ་ས་གྲོང་ཁྱེར་དུ་སྔོ་ཚལ་འབེལ་པའི་སྐབས་སུ་གཞི་རྩའི་ཐོག་རང་མཁོ་རང་འདང་བྱེད་ཐུབ།
  • དོ་སྣང་ཆེ་བའི་རྩོམ།