ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་རྒྱུར། མཐོ་སྒང་གི་གནམ་གཤིས་དང་ས་ཁམས་ཁོར་ཡུག་སོགས་རྐྱེན་གྱིས་སྔར་དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལ་རྒྱ་ནག་ནས་སྔོ་ཚལ་མཁོ་འདོན་བྱེད་དགོས། 1996ལོ་ནས་བཟུང་ཧྲན་ཏུང་ཞིང་ཆེན་ནས་ཕན་འབྲས་མཐོ་བའི་ཉི་འོད་དྲོད་ཁང་གི་ལག་རྩལ་ནང་འདྲེན་བྱས་པས་ད་ལྟར་སྔོ་ཚལ་འབེལ་པའི་སྐབས་སུ་གཞི་རྩའི་ཐོག་སྔོ་ཚལ་རང་མཁོ་རང་འདང་བྱེད་ཐུབ་པ་རེད། སྡོམ་རྩིས་བྱས་པར་གཞིགས་ན། 2012ལོར་ལྷ་སར་རིགས་སྣ་ཚོགས་ཀྱི་སྔོ་ཚལ་ལོ་འཁོར་ཐོན་ཚད་ཏུན་ཁྲི24.1ལ་ཟིན་པ་རེད། དེའི་ནང་སྒྲིག་ཆས་ཞིང་ལས་སྔོ་ཚལ་གྱི་ཐོན་ཚད་ཏུན་ཁྲི10.78ལ་ཟིན། དབྱར་ཁ་དང་སྟོན་ཁར་སྔོ་ཚལ་འབེལ་བའི་དུས་སུ་ལྷ་ས་རང་ཉིད་ལ་སྔོ་ཚལ་མཁོ་འདོན་བྱེད་ཚད་བརྒྱ་ཆ88ལ་ཟིན། ཉུང་བའི་དུས་སུའང(ཟླ་བ11པ་ནས་ལོ་རྗེས་མའི་ཟླ་བ3པའི་བར)རང་ལ་མཁོ་འདོན་བྱེད་ཚད་བརྒྱ་ཆ60ལ་ཉེ་བ་རེད།
པར་འདི་ནི་གྲོང་མིས་ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་སྔོ་ཚལ་དང་ཤིང་ཏོག་སྡེབ་ཚོང་ཁྲོམ་རའི་ནང་སྔོ་ཚལ་འདེམས་སྒྲུག་བྱེད་བཞིན་པ།