ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཀྲུང་གོ་དང་ཨ་རིའི་གློག་བརྙན་བརྙན་འཕྲིན་སྤྱི་གཉེར་ཁང་གིས་ཉེ་ཆར་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་གསུམ་པའི་ཐོག་གན་འཇོག་མཉམ་ལས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་བོད་ལྗོངས་འཚོལ་ཞིབ་ཀྱི་བརྗོད་བྱའི་བརྩམས་སྒྲུང《བོད་ཡུལ་གྱི་གསང་བའི་ཨང་ཡིག》ཅེས་པ་གློག་བརྙན་དུ་པར་ལེན་བྱ་རྒྱུ་ཡིན་པ་རེད།།
《བོད་ཡུལ་གྱི་གསང་བའི་ཨང་ཡིག》ཅེས་པ་ནི་བོད་ཀྱི་རིག་གནས་གཏེར་མཛོད་དང་མིའི་རིགས་ཀྱི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་བྱེད་པའི་བརྩམས་སྒྲུང་ཞིག་ཡིན་པ་དེའི་ནང་ཁྱི་ལ་ཧ་ཅང་དགའ་བའི་བོད་རིགས་ཚོང་པ་གྲོ་མི་བྱམས་པས་ཤོད་རྒྱུན་དུ་ཡོད་པའི་གྱི་ལིང་སྨུག་པོ་ཞེས་པ་འཚོལ་ཆེད་ངལ་བ་དཔག་མེད་སྤྱད་པའི་སྐོར་གྱི་གཏམ་རྒྱུད་ཅིག་རེད། བརྩམས་སྒྲུང་ནང་བོད་རིགས་ཀྱི་བློ་གྲོས་དང་རྩལ་ནུས་མངོན་པ་དང་བོད་ལྗོངས་དང་ཀྲུང་ཡོན་ས་ཁུལ་གྱི་ཤེས་དཔལ་དེ་འབྱུང་ཁུངས་གཅིག་ཡིན་པས་ཨེ་ཤེ་ཡ་དང་འཛམ་གླིང་གི་ཤེས་དཔལ་ཐོན་པའི་ཐད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་བསྟན་ཡོད།
གློག་བརྙན་བརྩམས་ཆོས་འདོན་མཁན་གྱི་འཐུས་མིའི་ཁྲོད་ཀྱི་ཀྲུང་གོ་གློག་བརྙན་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་ཧན་སན་ཕིང་གིས་ང་ཚོས་ཨ་རིའི་གློག་བརྙན་ལས་དོན་པ་དང་མཉམ་ལས་བྱས་ཏེ《བོད་ཡུལ་གྱི་གསང་བའི་ཨང་ཡིག》ཅེས་པའི་གཏམ་རྒྱུད་འདིའི་གློག་བརྙན་གྱི་ནང་དོན་དེ་ཀྲུང་གོ་ཕྱོགས་ཀྱིས་འགན་འཁུར་རྒྱུ་དང་འཁྲབ་ཁྲིད་པ་དང་ད་དུང་འདེམས་སྒྲུབ་བྱེད་བཞིན་ཡོད་པས་ཀྲུང་གོ་དང་ཨ་རིའི་འཁྲབ་ཁྲིད་པ་མཉམ་ལས་བྱེད་སྟངས་ཐོག་ནས་པར་དུ་ལེན་རྒྱུ་ཡིན་ཞེས་བཤད་པ་རེད།