ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཀྱི་བབ་བསྟུན་མྱུར་སྐྱོབ་ཀྱི་ཕྱོགས་བསྡུས་ཁ་གསབ་མ་དངུལ་སྒོར15གཏོང་སྤྲོད་བྱས་ཡོད་པ་རེད།ཁ་གསབ་མ་དངུལ་འདི་གཙོ་བོར་དངོས་རྫས་སྐྱེལ་འདྲེན་དང། རྨས་མར་སྨན་བཅོས། གནོད་ཐེབས་མི་སྣ་གནས་སྤོ་དང་བཀོད་སྒྲིག། འཚོ་བར་རོགས་སྐྱོབ། འཕྲོད་བསྟེན་དང་འགོས་ནད་སྔོན་འགོག། རྐྱེན་དབང་གིས་ཤི་བའི་མི་སྣའི་ཁྱིམ་མིར་སེམས་གསོ་བྱེད་དངུལ། གཞུང་ལམ་དང་ཆུ་བེད། འཐུང་ཆུ་མཁོ་འདོན། འཕྲིན་སྐྱེལ། གློག་ཤུགས་སོགས་རྨང་གཞི་སྒྲིག་ཆས་དང་སློབ་གྲྭ། སྨན་ཁང་སོགས་སྤྱི་པའི་སྒྲིག་ཆས་ཀྱི་བབ་བསྟུན་མྱུར་བཟོ་བྱ་རྒྱུའི་ཐད་སྤྱོད་རྒྱུ་རེད།