2009ལོར་ཉིང་ཞ་ཀུའུ་ཡོན་དཔལ་འབྱོར་གསར་སྦོལ་ཁུལ་གྱིས་ཐོན་སྐྱེད་ལས་སྣོན་དང་ཚན་རྩལ་གསར་སྐྲུན་གཙོ་བོ་བྱེད་པའི་སློབ་གྲྭ་ཆེན་མོ་བའི་ལས་ལམ་གསར་འབྱེད་བྱེད་གླིང་གསར་འཛུགས་བྱས་ཤིང་།སློབ་གྲྭ་ཆེན་མོ་བ58གསར་འབྱེད་བྱེད་གླིང་དུ་རང་བདག་གི་ལས་ལམ་གསར་འབྱེད་དམ་ཡང་ན་གསར་སྦོལ་ཁུལ་དུ་གལ་ཆེ་བའི་ཁེ་ལས་ལ་སློབ་སྦྱོང་བྱས་ཏེ་ལས་ལམ་གསར་འབྱེད་ལ་གདན་ཞུ་བྱས་པར་སྤྱི་བསྒྲགས་བྱས་པ་རེད།
2010ལོར། ལས་ལམ་གསར་འབྱེད་བྱེད་གླིང་གིས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་གཞི་ཁྱོན་རྒྱ་སྐྱེད་བྱས་ལ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ཚན་པ་གཉིས་པ་ལས་ལམ་གསར་འབྱེད་བྱེད་གླིང་དུ་གདན་ཞུ་བྱ་རྒྱུའི་སྤྱི་བསྒྲགས་བྱས་པ་རེད།
ཉིང་ཞ་ཀུའུ་ཡོན་དཔལ་འབྱོར་གསར་སྦོལ་ཁུལ་སློབ་གྲྭ་ཆེན་མོ་བའི་ལས་ལམ་གསར་འབྱེད་བྱེད་གླིང་གིས་ན་གཞོན་གྱིས་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་ཆེད། ལོ3གྱི་ནང་གཞུང་ལས་སྒྲུབ་ར་དང་ཐོན་སྐྱེད་འཁོར་ཁང་། ཆུ་གློག་དྲོད་བཅས་ཡོངས་ལ་རིན་པ་མི་དགོས་པར་འདོན་སྤྲོད་བྱེད་པ་དང་།དུས་ཚོད་གཏན་འཁེལ་བྱས་ནས་ལས་ལམ་གསར་འབྱེད་མཛུབ་སྟོན་བྱེད་སྒོ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཁེ་ཕན་སྲིད་ཇུས་ལག་བསྟར་བྱས་ཡོད། ད་ལྟར་སློབ་གྲྭ་ཆེན་མོ་བའི་ལས་ལམ་གསར་འབྱེད་གླིང་གིས་གསོ་སྐྱོང་བྱས་པའི་ཁེ་ལས་བཅུ་ལྷག་གླིང་ཕྱིར་འཕེལ་རྒྱས་གཏོང་ས་འགྲོ་བས། ཏན་ཏིག་གིས་ན་གཞོན་གྱི་རེ་འདུན་ལ་ཐུགས་ཁུར་དང་ན་གཞོན་གྱི་འཕེལ་རྒྱས་ལ་རོགས་རམ། ན་གཞོན་གྱི་ལས་ལམ་གསར་འབྱེད་བྱེད་པ་ལ་རྒྱབ་སྐྱོར་བྱས་ཐུབ་ཡོད།