ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་རིག་གནས་ཚས་རྩལ་གྱི་གསར་སྐྲུན་ཨར་ལས97ལ་རྒྱབ་སྐྱོར་བྱས།

        2013-05-09

ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  2013ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རིག་གནས་ཚན་རྩལ་གྱི་གསར་སྐྲུན་ཨར་ལས97ལག་ལེན་བསྟར་བར་རྒྱབ་སྐྱོར་བྱ་རྒྱུ་རེད།  ཨར་ལས་འདི་དག་གཙོ་བོ་དྲ་བའི་རིག་གནས་དང་།  རིག་གནས་ལྗོངས་རྒྱུ།  རིག་གནས་སྒྱུ་རྩལ།  རྒྱང་བསྒྲགས་དང་བརྙན་འཕྲིན།  རིག་གནས་ཚན་རྩལ་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད། 
ཚན་རྩལ་གསར་སྐྲུན་གྱིས་རིག་གནས་འཕེལ་རྒྱལ་ལ་ཐོན་པའི་གལ་ཆེའི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་།  ཚན་རྩལ་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་ལེན་གཏིང་ཟབ་ཏུ་གཏོང་བ།  རིག་གནས་ཁྱབ་ཁོངས་ཀྱི་རང་བདག་གསར་སྐྲུན་བྱེད་ནུས་དང་རིག་གནས་ཐོན་ལས་ཀྱི་སྲོག་ཤིང་གི་འགྲན་རྩོད་བྱེད་ནུས་ཇེ་དྲག་ཏུ་གཏོང་ཆེད།   2012ལོར་རྒྱལ་ཁབ་ཀྱིས་རྒྱལ་ཁབ་རིམ་པའི་རིག་གནས་ཚན་རྩལ་གྱི་གསར་སྐྲུན་ཨར་ལས་ལག་ལེན་བསྟར་འགོ་ཚུགས་ཡོད།  ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་ཀྱི་ཚན་རྩལ་གྱིས་རྒྱབ་སྐྱོར་བྱེད་པའི་འཆར་གཞིར་བརྒྱུད་དེ་གོང་གསལ་ཁྱབ་ཁོངས་ཀྱི་ཨར་ལས་བསྐྲུན་པར་རྒྱབ་སྐྱོར་ཆེན་པོ་བྱས་ཡོད།  2012ལོར་དེའི་ཐད་མ་དངུལ་སྒོར་དུང་ཕྱུར3བཏང་ཡོད་ཅིང་།  2013ལོར་དེའི་ཐད་མ་དངུལ་སྒོར་དུང་ཕྱུར2.97བཏང་ཡོད་པ་རེད།
  • ལེ་ཚན་སྔོན་མ།:《སྔོན་པ་དང་ཀེང་རུས》ཞེས་པར་ཧྲིན་ཀྲིན་གྱི་འགུལ་རིས་གློག་བརྙན་འགྲེམ་སྟོན་ཁྲོད་བྱ་དགའ་ཐོབ་པ།
  • ལེ་ཚན་རྗེས་མ།:སློབ་གྲྭ་ཆེན་མོ་བའི་ལས་ལམ་གསར་འབྱེད་བྱེད་གླིང་གིས་ན་གཞོན་ཚོས་ལས་ལམ་གསར་འབྱེད་ཀྱི་ཕུགས་འདུན་མངོན་འགྱུ
  • དོ་སྣང་ཆེ་བའི་རྩོམ།