《སྔོན་པ་དང་ཀེང་རུས》ཞེས་པར་ཧྲིན་ཀྲིན་གྱི་འགུལ་རིས་གློག་བརྙན་འགྲེམ་སྟོན་ཁྲོད་བྱ་དགའ་ཐོབ་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-05-09

《སྔོན་པ་དང་ཀེང་རུས》ཞེས་པར་ཧྲིན་ཀྲིན་གྱི་འགུལ་རིས་གློག་བརྙན་འགྲེམ་སྟོན་ཁྲོད་བྱ་དགའ་ཐོབ་པ།
《སྔོན་པ་དང་ཀེང་རུས》ཞེས་པར་ཧྲིན་ཀྲིན་གྱི་འགུལ་རིས་གློག་བརྙན་འགྲེམ་སྟོན་ཁྲོད་བྱ་དགའ་ཐོབ་པ།

  ཉེ་ཆར།  པའེ་པིན་ལགས་ཀྱི་བརྩམས་ཆོས《སྔོན་པ་དང་ཀེང་རུས》ཞེས་པར་ཧྲིན་ཀྲིན་གྱི་སྐབས་དང་པོའི་སྒེར་བསྐྲུན་འགུལ་རིས་ཀྱི་ལོ་གཉིས་འགྲེམ་སྟོན་གྱི་འགྲན་སྡུར་སྡེ་ཚན་ཁྲོད་བྱ་དགའ་ཐོབ་པ་རེད། སྒེར་བསྐྲུན་འགུལ་རིས་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་བརྩམས་ཆོས་འདིས་སྲོལ་རྒྱུན་དང་དེང་རབས་གཉིས་བར་སྦྲེལ་ཐག་ཅིག་བསྐྲུན་པ་དང་། ལྷ་སྒྲུང་དང་འཚོ་བ་དངོས་གཉིས་ལེགས་པོར་ཟུང་སྦྲེལ་བྱས་འདུག་ཅེས་གདེང་འཇོག་གནང་བ་རེད། བརྩམས་ཆོས་ཁྲོད་མངོན་པར་བརྗོད་པའི་སྲོལ་རྒྱུན་གྱི་བོད་ཀྱི་རིག་གནས་ཀྱིས་གཟིགས་མོ་བ་རྣམས་ལ་ཚོར་བ་གསར་བ་ཞིག་བསྐྱེད་ངེས་པ་རེད། ཐེངས་འདིའི་ལོ་གཉིས་ཀྱི་འགྲེམ་སྟོན་ཁྲོད་བསྡོམས་པས་བརྩམས་ཆོས42ཡོད་པ་དང་། དེའི་ཁྲོད་བརྩམས་ཆོས6ལ་བྱ་དགའ་ཐོབ་པ་རེད།

  • ལེ་ཚན་སྔོན་མ།:དཔལ་ལྡན་དབང་ཕྱུག་ཀྲུང་གོའི་ཟློས་གར་དཔྱིད་མེའི་བྱ་དགའ་རུ་ཚུད་པ།
  • ལེ་ཚན་རྗེས་མ།:ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་རིག་གནས་ཚས་རྩལ་གྱི་གསར་སྐྲུན་ཨར་ལས97ལ་རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།