ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-05-09
བོད་ཀྱི་ཟློས་གར་འཁྲབ་སྟོན་པ་དཔལ་ལྡན་དབང་ཕྱུག
རྒྱུས་ལོན་བྱུང་བ་ལྟར་ན། ཟླ5བའི་ཚེས12ཉིན། དཔལ་ལྡན་དབང་ཕྱུག་དང་ཁོའི་ཚོགས་མི་རྣམས་ཀྱིས་ཁྲིན་ཏུའུ་རུ《རྒྱ་བཟའ་ཀོང་ཇོ》དང་། 《སྣང་ས་འོད་འབུམ》། 《གསེར་མདོག་གི་གཞིས་ཁྱིམ》བཅས་འཁྲབ་སྟོན་བྱས་ནས་སྐབས26པའི་ཀྲུང་གོའི་ཟློས་གར་དཔྱིད་མེ་བྱ་དགའ་འགྲན་བསྡུར་དུ་ཞུགས་རྒྱུ་ཡིན་པ་རེད།
ཀྲུང་གོའི་ཟློས་གར་དཔྱིད་མེ་བྱ་དགའ་ནི་ཀྲུང་གོའི་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་གྱི་ཆེས་མཐོའི་བྱ་དགའ་ཞིག་ཏུ་ངེས་ཤིང་། ལོ་གཉིས་ཀྱི་ནང་ཐེངས་གཅིག་ལ་སྤེལ་བ་དང་། གཙོ་ཆེར་འཁྲབ་སྟོན་སྒྱུ་རྩལ་གྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བའི་གཞོན་དར་ཟློས་གར་པ་རྣམས་ལ་གཟེངས་བསྟོད་དང་སྐུལ་ལྕག་གནང་བའི་ཆེད་ཡིན་པ་རེད།
བོད་ཀྱི་ཟློས་གར་འཁྲབ་སྟོན་པ་དཔལ་ལྡན་དབང་ཕྱུག
སྐབས་སྔོན་མ་དག་དང་མི་མཐུན་པ་ཞིག་ནི་ད་ལོར་བོད་ཀྱི་ཟློས་གར་ཐོག་དང་པོར་དཔྱིད་མེ་བྱ་དགའི་འགྲན་ཚན་དུ་ཞུགས་པ་དང་། དཔལ་ལྡན་དབང་ཕྱུག་ཀྱང་ཐོག་དང་པོར་དཔྱིད་མེ་བྱ་དགའི་འགྲན་བསྡུར་དུ་ཞུགས་པའི་བོད་ཀྱི་ཟློས་གར་འཁྲབ་སྟོན་པར་གྱུར། ཁོ་བོ་བོད་ཀྱི་ཟློས་གར་ལ་ཤིན་ཏུ་དུངས་ཤིང་། དེ་ནི་ཁོའི་མི་ཚེ་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུའམ་མི་ཚེ་ཧྲིལ་བོའི་ལས་དོན་ཏུ་སྣང་།
དཔལ་ལྡན་དབང་ཕྱུག་ནི1973ལོར་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་དུ་སྐྱེས་ཤིང་། མིང་དུ་གྲགས་པའི་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་སྒྱུ་རྩལ་པ་ཞིག་ཡིན་པ་དང་། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་གཙོ་གྲས། ཀྲུང་ཧྭའི་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་སོགས་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10