བོད་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། གཟུགས་པོ་བདེ་ཐང་ཡོང་བ་བྱེད་པའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱིས་སྐྱོན་བྲལ་ངང་འཚོ་བ་སྐྱེལ་རྒྱུར་འཁྲིད་སྟོན་བྱེད་པ་བཅས་བྱེད་ཆེད། བོད་ལྗོངས་ལུས་རྩལ་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ། རྒྱུན་ཆད་མེད་པར་གོང་འཕེལ་ཡོང་བ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ནས། བྱ་ཐབས་སྣ་ཚོགས་བཟུང་ཐོག་ལུས་རྩལ་གྱི་དམངས་ཕན་ལས་དོན་ཁག་ཏན་ཏིག་སྒྲུབ་པ་རེད།
བོད་ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་ལུས་རྩལ་གོང་འཕེལ་འཆར་འགོད་གང་མགྱོགས་སྒྲིག་བཟོ་བྱས་ཏེ། ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གོང་འཕེལ་མགྱོགས་པོ་གཏོང་བ་དང་། ལུས་རྩལ་བྱ་གཞག་གི་དུས་སྐབས་རིང་འབྲིང་གི་གོང་འཕེལ་འཆར་འགོད་དང་མང་ཚོགས་ཀྱི་ལུས་རྩལ་དང་ལུས་རྩལ་འགྲན་བསྡུར། རི་འཛེགས་སོགས་ཀྱི་ལས་སྒོ་བསྒྱུར་བའི་འཆར་འགོད་ཞིབ་འཇུག་བྱེད་པ་དང་བསྒྱུར་བཟོ་དམ་འཛིན་བྱེད་རྒྱུ་རེད་ཅེས་གསུངས་པ་རེད། །