བོད་ལྗོངས་འཕྲིན་དྲ། 2013-05-08
ཞིང་འབྲོག་མང་ཚོགས་ཀྱི་ཆ་འཕྲིན་གྱི་དགོས་མཁོ་སྐོང་ཆེད། ནག་ཆུ་ས་ཁུལ་གྱིས་གྲོང་གསེབ་ཀྱི་རིག་གནས་ཆ་འཕྲིན་ས་ཚིགས་གང་མགྱོགས་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་ནང་། རིག་གནས་སྒོ་ར་ཆེ་མོ་དང་གསར་འགྱུར་མདོར་བསྡུས། ཞིང་ཁྱིམ་སྤྲོ་གསེང་སོགས་ཚུད་ཡོད་པ་དང་། གྲོང་གསེབ་ཀྱི་རིག་གནས་ཆ་འཕྲིན་ས་ཚིགས་དེ་དག་གིས་ས་གནས་ཀྱི་དགོས་མཁོ་གཞིར་བཟུང་། དུས་ཐོག་ཏུ་སྐབས་བསྟུན་གསར་འགྱུར་གཏོང་སྤེལ་བྱེད་པ་དང་། ནག་ཆུ་ས་ཁུལ་གྱི་ཞིང་ཁྱིམ་སྤྲོ་གསེང་གི་ཁྱད་ཆོས་ངོ་སྤྲོད་བྱེད་པ་མ་ཟད། ཞིང་ཁྱིམ་སྤྲོ་གསེང་གི་ཆ་འཕྲིན་གཏོང་སྤེལ་གྱི་ལས་སྟེགས་མཁོ་འདོན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་པར་གཞི་དང་མང་ཚོགས་ཚོས་དགའ་པོ་བྱེད་པའི་བརྙན་འཕྲིན་འཁྲབ་ཚན་སྟོན་པ་དང་གློག་རྡུལ་དཔེ་དེབ་འོས་སྦྱོར་བྱེད་པ། ས་ཆ་དེ་གའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ངོ་སྤྲོད་བྱེད་པ། ལག་རྩལ་སྦྱོང་བརྡར་དང་ཁྲོམ་རའི་སྔོན་དཔགས་སོགས་ཀྱི་ཞབས་ཞུ་ཁྱོན་ཡོངས་ནས་མཁོ་འདོན་བྱེད་པ། ས་ཆ་དེ་གའི་འཛད་སྤྱོད་པར་བརྟག་དཔྱད་བྱས་པའི་འབྲས་བུ་གཞིར་བཟུང་། དོ་ཁུར་བྱེད་མང་བ་དང་བག་ཆགས་ཆེ་བའི་སྐྱོན་བྲལ་གྱི་བརྙན་འཕྲིན་ལེ་ཚན་སྟོན་རྒྱུ་བཅས་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10