བོད་ལྗོངས་རིག་གནས་ཡུལ་སྐོར་གསར་སྤེལ་ཁུལ་གྱི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་ཡིན་པ།

    བོད་ལྗོངས་འཕྲིན་དྲ།    2013-05-08

བསྡོམས་པས་མ་དངུལ་སྒོར་དུང་ཕྱུར300བཏང་བའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་སྤེལ་ཁུལ་དེང་སྐབས་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་མཚོན་པའི་གསར་སྤེལ་ཁུལ་ཐོག་མའི་ངོས་ནས། ཁུལ་དེས་རིག་གནས་ཡུལ་སྐོར་གྱིས་གཙོ་བོ་བྱེད་པ་དང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་གཅིག་བསྡུས་བྱས་ཏེ། རང་ལྗོངས་ཀྱི་རིག་གནས་གཅིག་བསྡུས་ཐོག་མངོན་པ་བརྒྱུད་བོད་ཀྱི་ཁྱད་ཆོས་ལྡན་པའི་སྔོན་ཐོན་རིག་གནས་མཚོན་རྟགས་གཏོད་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་སྤེལ་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ8.11ཡོད་པ་དང་སྤྱི་གླིང་གཅིག་དང་གྲོང་གཉིས། ཁུལ་གསུམ་བཅས་ཀྱི་འཆར་གཞིར་གཞིགས་ནས་འཆར་འགོད་འཛུགས་སྐྲུན་བྱས་ཡོད་པ་དེ་ཡང་། སྤྱི་གླིང་གཅིག་ནི་ཝུན་ཤིན་ཀོང་ཇོས་གཙོ་དོན་བྱེད་པའི་སྤྱི་གླིང་དང་གྲོང་གཉིས་ནི་སྒྱུ་རྩལ་གྲོང་དང་དམངས་སྲོལ་གྲོང་། ཁུལ་གསུམ་ནི་རིག་གནས་གསར་སྤེལ་ཐོན་ལས་ཁུལ་དང་སྐྱེ་ཁམས་སྤྲོ་གསེང་ཚོང་དོན་ཁུལ། རིག་གནས་གྲགས་ཅན་བཅའ་སྡོད་ཁུལ་བཅས་ཡིན་པ་དང་། འཆར་གཞི་བྱས་ན་ལོ་གསུམ་ནས་ལྔའི་བར་སྐྲུན་ཟིན་པ་བྱེད་རྒྱུ་རེད། ཁུལ་དེའི་ཁྱབ་ཁོངས་རྒྱ་ཆེ་བ་དང་འཛུགས་སྐྲུན་ཟིན་རྗེས་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། 

  • ལེ་ཚན་སྔོན་མ།:ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་སྐད་བརྡའི་རིག་མཛོད་དཔྱད་བསྐྲུན་ལ་ཕུལ་བྱུང་གྲུབ་འབྲས་ཐོབ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ལུས་རྩལ་ཐད་ཀྱི་དམངས་ཕན་ལས་དོན་ཁག་ནན་ཏན་ངང་སྒྲུབ་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།