བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-04-26
གླུ་བ་གཡང་དྲུང་རྒྱལ་གྱིས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོབ་དངོས་ཟོག་སྐྱེལ་བཞིན་པ།
གླུ་བ་གཡང་དྲུང་རྒྱལ་གྱིས་གནོད་འཚེ་ཐེབས་པའི་གནས་ཚུལ་རྒྱུས་ལོན་བྱེད་པ།
གཡག་རྔ་ལ་ས་འགུལ་བྱུང་རྗེས། གླུ་བ་གྲགས་ཅན་གཡང་དྲུང་རྒྱལ་ལགས་ཀྱིས་ལྷག་བསམ་དྲོན་མོ་ཁོངས་སུ་རུམ་ཞིང་མ་བསྐུལ་རང་འགུལ་སྒོས་ཉལ་ཐུལ་དང་། ཆར་ལྭ། ཟ་མ་སོགས་རིན་ཐང་སྒོར་འབུམ2ལྷག་གི་རོགས་སྐྱོབ་དངོས་ཟོང་ཉོས་ནས། གནོད་ཐེབས་ས་ཁུལ་ལ་བསླེབས་ཤིང་། ཁོང་ཉིད་ཀྱིས་གནོད་ཐེབས་ས་ཁུལ་དུ་སྨན་བཅོས་མི་སྣ་དང་དང་བླངས་པ་སོགས་དང་མཉམ་དུ་རོགས་སྐྱོབ་དངོས་ཟོང་རེ་རེ་བཞིན་ཡུལ་དེའི་མི་དམངས་ཀྱི་ལག་ཏུ་སྤྲད་དེ་རང་ནུས་ཅི་ལྕོགས་ཀྱིས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོབ་གནང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10