ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-04-19
ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་ཆེན་མོ་བའི་དང་བླངས་པའི་ཞབས་ཞུ་ནུབ་རྒྱུད་དུ་ལག་བསྟར་བྱས་ནས་ལོ10སོང་རིང་། སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལ་གཞིགས་པ་དང་། ཕུགས་བསམ་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ། དང་བླངས་པའི་ཞབས་ཞུའི་རྣམ་པའི་ཐོག་ནས་མཐོ་རིམ་སློབ་ཐོན་སློབ་མས་ནུབ་རྒྱུད་ཀྱི་གཞི་རིམ་དུ་བྱས་རྗེས་འཇོག་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ། གཞོན་ནུ་དང་བླངས་པ140000ཙམ་གྱིས་ནུབ་རྒྱུད་འཆར་གཞིའི་ནང་ཞུགས་པ། དང་བླངས་པ16000ཙམ་ཞབས་ཞུ་སྒྲུབ་ཚར་རྗེས་ནུབ་རྒྱུད་དུ་གཞིས་ཆག་པས། ཤེས་ལྡན་མི་སྣའི་ཐོན་ཁུངས་ལུགས་མཐུན་སྒོ་ནས་ཁོར་རྒྱུག་དང་ཆ་སྦྱོར་ལེགས་པོ་བྱ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་དང་། གཞོན་ནུ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཞབས་འདེགས་ཞུ་བའི་སྟེགས་བུ་གསར་པ་བཙུགས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10