ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་པའོ་ཧྲི་ཏོན་གྲོང་ཁྱེར་གྱི་འགས་གཏོར་དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་རྨས་ལྗིད་མོ་ཕོག་པའི་རང་རྒྱལ་གྱི་ཕྱི་སྡོད་སློབ་མར་ཐུགས་ཁུར་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-19

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ4བའི་ཚེས15ཉིན་ཨ་མེ་རི་ཁའི་པའོ་ཧྲི་ཏོན་གྲོང་ཁྱེར་གྱི་འགས་གཏོར་དོན་རྐྱེན་ཁྲོད་ནས་རང་རྒྱལ་གྱི་ཕྱི་སྡོད་སློབ་མ1རྐྱེན་ལམ་དུ་ཤོར་བ་དང་སློབ་མ1ལ་རྨས་ལྗིད་མོ་ཕོག་པར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད། ཁོང་གིས་ཆེད་དུ་འབྲེལ་ཡོད་ལས་ཁུངས་བརྒྱུད་ནས་རྐྱེན་ལམ་དུ་ཤོར་བའི་སློབ་མར་མྱ་ངན་ཞུས་པ་དང་། རྨས་པའི་སློབ་མ་དང་དེ་མིན་སློབ་མ་གཉིས་ཀྱི་ཁྱིམ་མི་ལ་འཚམས་འདྲི་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཕྱི་འབྲེལ་པུའུ་དང་ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཉིག་ཡོ་གྲོང་ཁྱེར་དུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྐྱེན་ལམ་དུ་ཤོར་བའི་སློབ་མའི་འདས་མཇུག་གི་བྱ་བ་དང་རྨས་ལྗིད་མོ་ཕོག་པའི་སློབ་མའི་སྨན་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། མུ་མཐུད་དུ་ཨ་མེ་རི་ཁ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ནས། དུས་ཐོག་ཏུ་འབྲེལ་ཡོད་བྱ་བ་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་མུ་མཐུད་སློབ་གྲྭ་ཆེན་མོའི་སློབ་མ་བསྡུ་བའི་ཡིག་རྒྱུགས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོ
  • ལེ་ཚན་རྗེས་མ།:ད་ལོའི་སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མའི་དང་བླངས་པ་ཁྲི1ཙམ་མི་རིགས་ས་ཁུལ་དུ་ཞབས་ཞུ་སྒྲུབ་པར་གཏོང་རྒ
  • དོ་སྣང་ཆེ་བའི་རྩོམ།