སྟག་རིག་འབྲུག་ཐར། མཚོ་སྔོན་པོ་དྲ་བ། 2013-04-26
རྐང་རྩལ་སྤོ་ལོ་འགྲན་པའི་ཡུལ་དངོས།
ཟླ4བའི་ཚེས15ནས་ཚེས21བར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་གངས་སེང་རྟགས་མའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་དེ་སློབ་གྲྭའི་རྩལ་སྦྱང་ར་བ་ནས་གཟབ་རྒྱས་ངང་བསྡུས། འདི་ཡང་མདོར་དྲིལ་ན། ལུས་རྩལ་ཆུ་ཚད་ཇེ་མཐོར་དང་ལུས་ཕུང་བདེ་ཐང་ཡོང་བ། གསོན་ཉམས་དང་འཆམ་མཐུན་གྱིས་ཕྱུག་པའི་སློབ་རའི་རིག་གནས་ཀྱི་མཁའ་དབུགས་ལེགས་བསྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་ལས་ཆེ།
ད་ལོའི་སྐབས་བཞི་བའི་གངས་སེང་རྟགས་མའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་དེ་སྐབས་སྔོན་མ་དག་དང་མི་འདྲ་བར་དགེ་རྒན་སོ་སོའི་ཆུ་ཚད་དང་བསྟུན་ནས་དོ་མཉམ་པོར་བཅོས་པ་དང་གཅིག ཕྱོགས་གཞན་ཞིག་ནས་ཁྲི་ཀ་ས་ཆའི་སིལ་སྡོང་མེ་ཏོག་གི་དུས་ཆེན་དང་སྦྲགས་ནས་སྤེལ་བ་ཡིན་སྟབས། ག་ས་གང་དུ་སིལ་སྡོང་མེ་ཏོག་སྡུག་གུར་བཞད་ཅིང་མེ་ཏོག་གི་དྲི་ཞིམ་ཕྱོགས་བཅུར་འཐུལ་བས་ལུས་རྩལ་པ་དང་ལྟད་མོ་བ་རྣམ་པར་སྤྲོ་སྣང་ཐུན་མིན་ཞིག་དང་སྟོབས་ཤུགས་གསར་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་འོང་།
བར་གསེང་གི་ངལ་གསོའི་དུས་ཚོད་ནང་འགྲན་སྡུར་གོ་རིམ་ཁྲོད་ཀྱི་གནད་
དོན་ལ་དབྱེ་ཞིབ་དང་འགྲན་ཇུས་ལ་དཔྱད་བསྡུར་བྱེད་པ།
ཐོག་མར་ལུས་རྩལ་པ་དང་ཤན་འབྱེད་པ་སོ་སོས་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་མཆོད་ཚིག་དང་དྲང་བདེན་འདྲ་མཉམ་ལུགས་མཐུན་གྱི་དམ་ཚིག་གཟུར་མེད་གསང་མཐོར་བསྒྲགས་རྗེས་སློབ་གཙོ་གཞོན་པས་འགྲན་སྡུར་འགོ་རྩོམ་པའི་ཁྱབ་བསྒྲགས་ཀྱི་གསུང་དབྱངས་ཁྲོད་ནས་འགྲན་སྡུར་དངོས་སུ་འགོ་བརྩམས་པ་རེད།
རུ་ཁག་སོ་སོས་ཀྱང་ཐུན་མོང་གི་རྒྱལ་ཁའི་ཆེད་དུ་གཅིག་གྱུར་གྱི་གྱོན་པ་འཐུས་སྒོ་ཚང་བར་བྱས་ཤིང་། རུ་མི་སོ་སོའི་སྤོ་ལོ་རྩེད་སྟངས་ལ་སྔོན་སྦྱོང་དང་རྒྱུག་རྩལ་གྱི་ནུས་པ་ཇེ་མཐོར་གཏོང་ཆེད་ནངས་མོའི་ཞོགས་རྩལ་གྱི་སྐབས་ནས་བཟུང་སྦྱོང་བརྡར་ལེགས་པོ་བྱས་པས་མཐུན་སྒྲིལ་ནི་སྟོབས་ཤུགས་དང་འབད་བརྩོན་ནི་རྒྱལ་ཁ་ཡིན་པ་ཀུན་ལ་ར་སྤྲོད་བྱས་པ་རེད། ཉིན་ལྔ་དྲུག་ལྷག་གི་ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་རེས་མོས་སྒོས་ཛ་དྲག་འགྲན་བསྡུར་སྤེལ་བ་བརྒྱུད། རུ་ཁག་བཞི་བ་འགྲན་ཡ་ཀུན་གྱི་འགྲན་ཐེངས་ཡོད་ཚད་ནས་རྒྱལ་ཞིང་མཇུག་མཐར་གསེར་འོད་ལམ་ལམ་གྱི་གངས་སེང་རྟགས་མ་སློབ་གྲྭའི་ལྟད་མོ་བ་ཀུན་འདུས་ཀྱི་སྤྲོ་འཛུམ་ཁྲོད་ནས་མཐོན་པོར་བཏེགས་ཏེ་འགྲན་སྡུར་བདེ་ལེགས་དང་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10