མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-19
སྤྱི་ཟླ4བའི་ཚེས15ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཧྲན་ཏུང་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།
སྤྱི་ཟླ4བའི་ཚེས15ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཧྲན་ཏུང་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།
སྤྱི་ཟླ4བའི་ཚེས15ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཧྲན་ཏུང་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ4བའི་ཚེས15ཉིན་ནས་ཚེས17ཉིན་བར་ཧྲན་ཏུང་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་སྐབས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རེ་བ་ཆེན་པོ་བཏོན་ཡོད་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱེད་པར་མ་ཟད། ཁྲིམས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་དོ་དམ་ཁྲོད་དུ་ཟིན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲང་ཏི་ཅང་སྔ་གཞུག་ཏུ་ཡན་ཐེ་དང་བེ་ཧྥང་། ཙིས་པོ། ཅིས་ནན་སོགས་ས་ཁུལ་གྱི་ཁེ་ལས་དང་ཞིང་སྡེ། སྡོད་ཁུལ་སོགས་ལ་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་དང་སྡོད་ཁུལ་གྱི་ཞབས་ཕྱིའི་དོ་དམ་གནས་ཚུལ་སོགས་རྒྱུས་ལོན་མཛད། ཁོང་གིས་གསུངས་རྒྱུར། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་སྐབས། གཙོ་བོ་རྒྱ་མཚོའི་ཐོན་ལས་སོགས་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་བ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་སྲ་བརྟན་དུ་གཏོང་བ་དང་འབྲུ་རིགས་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པ། དེང་རབས་ཞིང་ལས་འཕེལ་རྒྱས་སུ་བཏང་ནས་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལས་དོན་བཟང་བོར་སྒྲུབ་རྒྱུ་དེ་འགན་འཁྲི་གལ་ཆེན་བརྩིས་ནས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།
རྟོག་ཞིབ་བྱེད་སྐབས། ཀྲང་ཏི་ཅང་གིས་སོ་སོར་མགོ་འཛིན་མཛད་དེ་རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མི་དང་ས་གནས་དམངས་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་ཧྲན་ཏུང་ཞིང་ཆེན་གྱི་དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་མཛད། ཁོང་གིས་གསུངས་རྒྱུར། གནས་བབ་གསར་བ་དང་རེ་བ་གསར་བར་དམིགས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱེད་རྒྱུ་དེ་དམངས་ཆེན་བྱ་བའི་ལས་འགན་གལ་ཆེན་བརྩི་བ་དང་། སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10