སི་ཁྲོན་ཞིང་ཆེན་གྱིས་འགྱུར་མེད་རྡོ་རྗེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར་གྱི་མཚན་སྙན་སྤྲད་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-04-19

སྤྱི་ཟླ4བའི་ཚེས17ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་ཞིང་ཆེན་གྱིས་གཞི་རིམ་ལས་བྱེད་པ་ཡག་ཤོས་འགྱུར་མེད་རྡོ་རྗེར་ཞིང་ཆེན་ཡོངས་ཀྱི་ཐེངས་དྲུག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར་གྱི་མཚན་སྙན་རྗེས་སྤྲོད་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

འགྱུར་མེད་རྡོ་རྗེ་སྐུ་འཚོ་ཞུགས་སྐབས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་སྦ་ཞབས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་གི་འགན་བཞེས་ཀྱི་ཡོད། སྤྱི་ལོ2012ལོའི་སྤྱི་ཟླ5པར་སྙུན་གཞིའི་རྐྱེན་གྱིས་གཞུང་དོན་ཆེད་ལས་གནས་ཐོག་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ33ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྱུར་མེད་རྡོ་རྗེའི་བྱས་རྗེས་གསར་འགྱུར་ལས་རིགས་ཀྱིས་གཏོང་སྤེལ་བྱས་རྗེས། ས་གནས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ལན་ཆ་དྲག་པོ་བྱུང་ཡོད་པ་རེད། མིག་སྔར། བློ་མཐུན་འགྱུར་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་ཏུ་སྐོར་སྐྱོད་སྒྲོག་སྦྱང་བྱེད་བཞིན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་བྱ་ནད་བྱུང་བའི་ནད་པ77དུ་འཕར་བ།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་ཧྲན་ཏུང་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།