མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-19
སྤྱི་ཟླ4བའི་ཚེས16ཉིན། ཧྲང་ཧེ་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་བྱ་ནད་བྱུང་བའི་ནད་པ6གསར་དུ་འཕར་བ་དང་། དེའི་ཁྲོད་ཀྱི་མི2ཤི་བ་དང་། མི3གསོ་བཅོས་བྱུས་ནས་སྨན་ཁང་ལས་ཕྱིར་བུད་པ་ཁྱབ་སྒྲོག་བྱས། གཞན་ཡང་ཀྲེ་ཅང་དང་ཅང་སུའུ་ས་ཁུལ་གཉིས་ནས་ཀྱང་བྱ་ནད་བྱུང་བའི་ནད་པ8ངོས་བཟུང་བ་དང་། ནད་པ8པོའི་ནད་རྟགས་ཅུང་ལྗིད་ཟེར།
སྤྱི་ཟླ4བའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་འགོག་བཅོས་བྱ་བའི་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ། ཉེ་དུས་ཀྱི་རིམས་ནད་མཆེད་པའི་གནས་ཚུལ་ལ་དཔྱད་འཇོག་བྱས། ཆེད་ལས་མཁས་པས་བྱ་ནད་མི་ལ་འགོ་བའི་ནད་དུག་གི་འབྱུང་ཁུངས་ནི་ནད་དུག་ཕོག་པའི་བྱ་རིགས་དང་ཡང་ན་སྦོགས་བཙོག་ཐེབས་པའི་ཁོར་ཡུག་ཡིན་པར་སྙམས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10