ལྷོ་ནུབ་མི་རིགས་སློབ་ཆེན་དང་དཀར་མཛེས་ཁུལ་བར་གཏན་ཁེལ་འཇོན་མི་སྐྱེད་སྲིང་གྲོས་མཐུན་མིང་རྟགས་བཀོད་པའི་མཛད་སྒོ་ཁྲིན་ཏུའུ་ནས་བསྡུས་པ།

    ཀྲུང་གོའི་དཀར་མཛེས་དྲ་བ།    2013-04-18

ལྷོ་ནུབ་མི་རིགས་སློབ་ཆེན་དང་དཀར་མཛེས་ཁུལ་བར་གཏན་ཁེལ་འཇོན་མི་སྐྱེད་སྲིང་གྲོས་མཐུན་མིང་རྟགས་བཀོད་པའི་མ

ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཡེ་ཤེས་ཟླ་བས་མངགས་བཅོལ་ལྟར། ཁུལ་དཔོན་གཞོན་པ་ཀོ་ཉིན་གྱིས་དཀར་མཛེས་ཁུལ་གྱི་ཚབ་བྱས་ཏེ་ལྷོ་ནུབ་མི་རིགས་སློབ་ཆེན་བར་ཁྲིན་ཏུའུ་ནས་མངག་ཐོ་གཏན་ཁེལ་རང་བཞིན་གྱི་འཇོན་མི་སྐྱེད་སྲིང་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད། མ་འོངས་པའི་ལོ་འགའི་ནང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ནས་ཧུར་ཐག་གིས་བརྩོན་ལེན་དང་རང་འགུལ་སྒོས་སློབ་མ་བསྡུ་བའི་མི་གྲངས་སྙོམ་སྒྲིག་བྱས་ཏེ། དཀར་མཛེས་ཁུལ་ལ་འཇོན་མི་ཉུང་བའི་གནད་དོན་ཐག་གཅོད་རོགས་བྱ་རྒྱུ་རེད། 2013ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་དཀར་མཛེས་ཁུལ་ལ་གཏན་ཁེལ་ལྟར་ཕྱུགས་ལས་དང་རིག་གནས་ཕྱོགས་ཀྱི་སྐད་གཉིས་འཇོན་མི90སྐྱེད་སྲིང་བྱས་ནས་གཞི་རིམ་གྱི་འཇོན་མའི་རུ་དཔུང་ཇེ་བརྟན་དུ་གཏང་རྒྱུ་རེད།
 
  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་སྡུད་ལས་ཞུགས་ཁྲུའུ་དང་དཀར་མཛེས་ཁུལ་གྱི་སློབ་གསོ་ཅུའུ་སློབ་སྡུད་གཞུང་ལས་ཁང་གི་འགན་འཁུར་མི་སྣ་བཅས་མིང་རྟགས་བཀོད་པའི་མཛད་སྒོར་ཞུགས་པ་རེད།

  • ལེ་ཚན་སྔོན་མ།:རྔ་བ་ཁུལ་གྱིས་གཞོན་ནུ་ལོ་ཆུང་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སློབ་གསོའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡ
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དེ་ཟླ་དྲུག་པའི་ཟླ་མ
  • དོ་སྣང་ཆེ་བའི་རྩོམ།