རྔ་བ་གསར་འགྱུར་དྲ་བ། 2013-04-18
“སང་ཉིན་ལ་གཅེས་ན། སློབ་གསོ་སྔོན་དུ་བགྲོད་དགོས”ཞེས་པའི་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་ཉམས་མྱོང་བརྗེ་རེས་ཚོགས་ཡུལ་དངོས།
གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྒྲོག་འགྲེལ་ཚོགས་པའི་ཁོངས་མིར་གདན་ཞུ་དཔང་ཡིག་གནང་བཞིན་པའི་ཚུལ།
ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་རབས་རྗེས་མར་དོ་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་འཛིན་ཅུའུ། ཁུལ་སློབ་གསོ་ཅུའུ་བཅས་ཀྱིས་མཉམ་དུ་བསྒྲུབ་པའི“སང་ཉིན་ལ་གཅེས་ན། ཁྲིམས་ལུགས་ཁྱབ་གདལ་སྔོན་དུ་བགྲོད་དགོས”ཞེས་པའི་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་དེ་འབར་ཁམས་ནས་བསྡུས།
གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་མི་སྣར་སློབ་སྦྱོང་གི་སྟེགས་བུ་ཅིག་འདོན་སྤྲོད་བྱས་ཏེ། མྱོང་ཚོར་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུ་དང་མཉམ་དུ་བསམ་གཞིགས་བྱེད་པར་སྐུལ་འདེད་བྱས་ནས། ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་ཆུ་ཚད་མཐོར་འདེགས་ཐད་ཐབས་འདོན་ཇུས་འགོད་དང་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་རེད།
གྲོས་ཚོགས་སྟེང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྒྲོག་འགྲེལ་ཚོགས་པའི་ཆེད་མཁས་པའི་ཁོངས་མིའམ་པེ་ཅིན་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་ཝང་དབྱི་གདན་དྲངས་ནས་ཆེད་དོན་བཞུགས་མོལ་ཚོགས་འདུ་གནང་། ད་རུང་འབྲེལ་ཡོད་སྡེ་ཁག་གིས་ཁུལ་ཡོངས་ཀྱི“རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་པར”གདན་ཞུ་དཔང་ཡིག་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10