ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-04-17
ཐོན་ལས་དབྱེ་ནས་བལྟས་ན། དུས་ཚིགས་དང་པོར་ཀྲུང་གོའི་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར7427ཡིན་པ་དེ་དུས་མཚུངས་ལས3.4%འཕར་ཡོད། ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་54569ཡིན་པ་དེ7.8%འཕར་བ། ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར56859ཡིན་པ་དེ8.3%འཕར་ཡོད། ཟླ་གོང་མ་དང་བསྡུར་ན། དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང1.6%འཕར་ཡོད་པ་རེད། ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་ཡག་པོ་ཡོད་པ་དང་། བརྟག་དཔྱད་ལས་མངོན་པར། སྤྱི་ལོ2013ལོར་རྒྱལ་ཡོངས་ཀྱི་འབྲས་འདེབས་པའི་རྒྱ་ཁྱོན1%མང་དུ་སོང་བ་དང་། མིག་སྔར་རྒྱལ་ཡོངས་ཀྱི་དགུན་གྲོའི་མྱུ་གུ་རིགས་དང་པོ་དང་གཉིས་པའི་བསྡུར་ཚད་ཀྱིས87.2%ཟིན་ཡོད། དུས་ཚིགས་དང་པོར། ཕག་ཤ་དང་ཚགས་ཤ། ལུག་ཤ། བྱ་ཤ་བཅས་ཀྱི་ཐོན་འབོར་ཏུན་བྱེ་བ2.287ཟིན་པ་དེ་དུས་མཚུངས་ལས2.6%འཕར་བ་དང་དེའི་ནང་ཕག་ཤའི་ཐོན་འབོར་ཏུན་བྱེ་བ1.554ཟིན་པ་དེ2.8%འཕར་ཡོད་པ་རེད།
བཟོ་ལས་ཐོན་སྐྱེད་འཕར་ཚད་སྤྱི་ཡོངས་ནས་བརྟན་པོ་ཡོད། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དེ་བསྡུར་ཆོག་པའི་རིན་གོང་ལྟར་རྩིས་རྒྱབ་ན་དུས་མཚུངས་ལས9.5%འཕར་ཡོད་པ་དང་། འཕར་ཚད་སྔ་ལོའི་དུས་མཚུངས་ལས་བརྒྱ་ཆའི་གནས2.1ཆག་ཡོད་པ་དང་སྔ་ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གནས0.5ཆག་ཡོད་པ་རེད། དེའི་ནང་སྤྱི་ཟླ3པར་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་ལས8.9%འཕར་བ་དང་ཟླ་གོང་མ་ལས0.66%འཕར་ཡོད་པ་རེད།
ཧྲེང་ལེ་ཡུན་གྱིས་དུས་རིམ་རྗེས་མར་བརྟན་པོའི་ངང་འཕར་བ་བརྩོན་ལེན་བྱེད་དགོས་པ་དང་། སྤྱི་ཁོག་སྙོམ་སྒྲིག་སྔར་བས་ལེགས་བཅོས་བྱེད་པ། བསྒྱུར་བཅོས་གསར་སྐྲུན་སྔར་བས་ལྷག་པ་བྱེད་པ། སྲིད་གཞུང་གི་འགན་ནུས་སྔར་བས་བརྗེ་སྒྱུར་བྱེད་པ། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་དང་། དཔལ་འབྱོར་གཞན་སྒྱུར་དང་རིམ་འཕར་ཇེ་མགྱོགས་སུ་འགྲོ་བ། མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་བཅོས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་འདུག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10