ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-04-17
ལི་ཁེ་ཆང་གིས་ཀྲུང་གོ་དང་ཨུ་རུ་སུ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཐུན་མོང་ཐོག་གོང་འཕེལ་མྱུར་པོ་འགྲོ་བཞིན་པའི་གསར་དར་དཔལ་འབྱོར་མ་ལག་དང་བསྡུར་ཐབས་མེད་པའི་ཆ་རྐྱེན་ལྡན་པའི་མཉམ་ལས་གཏིང་གཟབ་ཏུ་གཏོང་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་རེ་འདུན་ཡང་ཡིན་པས། དེ་བས་ལེགས་པ་དང་དེ་བས་མགྱོགས་པ། དེ་བས་གཏིང་གཟབ་པ་བཅས་ཀྱི་སྒོ་ནས་དངོས་ཕན་མཉམ་ལས་གོ་སྐབས་གནད་སྨིན་འཐུས་ཚང་སྐབས་སྤེལ་དགོས། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་བྱས་ནས་དེ་བས་སྒོ་འབྱེད་ཀྱི་འདུ་ཤེས་དང་སྟབས་བདེའི་ཚད་གཞིའི་ཁོར་ཡུག་ཐོག ཐོན་ཁུངས་དང་ཁྲོམ་ར། ལག་རྩལ། མ་དངུལ་སོགས་ཁྱབ་ཁོངས་ཀྱི་ཕན་ཚུན་ལ་ལྡན་པའི་བཟང་ཆ་འདོན་སྤེལ་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་པོའི་ཉོ་ཚོང་གཞི་ཁྱོན་དེ་ད་ཡོད་རྨང་གཞིའི་ཐོག་སླར་ཡང་ལྡབ་གཅིག་དང་ལྡབ་ཉིས་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་མ་ཟད་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་ཇེ་ཆེར་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་མ་འཇོག་མཉམ་ལས་གཏིང་གཟབ་ཏུ་གཏོང་རྒྱུ་དང་། ཨུ་རུ་སུའི་ཕྱོགས་དང་ལྷན་དུ་མཉམ་ལས་ཞིབ་བཟོ་དང་མཉམ་ལས་ཐོན་སྐྱེད་སོགས་འཐབ་ཇུས་རང་བཞིན་ཀྱི་རྣམ་གྲངས་ཆེན་མོའི་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་གཏིང་ཟབ་ཏུ་སྐུལ་སྤེལ་གཏོང་རྒྱུར་སྣེ་འཁྲིད་དང་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུང་བ་རེད།
ཧྲེ་ཝ་ལུའོ་ཕུས་ཀྲུང་ཞི་ཞི་ཅིན་ཕིང་ནས་ཨུ་རུ་སུར་འཚམས་འདྲི་གནང་བའི་གྲུབ་འབྲས་དེས་ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་དངོས་ཕན་མཉམ་ལས་གཏིང་གཟབ་ཏུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་གཏོད་ཡོད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་ཉོ་ཚོང་དང་མ་འཇོག་མཉམ་ལས་ལ་སྐུལ་སྤེལ་གཏོང་འདོད་ཡོད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་ཨུ་རུ་སུར་མ་འཇོག་དང་ལས་གཞག་གཏོད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། དེ་དོན་དུ་མ་འཇོག་གི་ཁོར་ཡུག་བཟང་པོ་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10