ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-04-17
མིག་སྔའི་བར་རྒྱལ་ཡོངས་སུ་ཁྱོན་སྡོམ་མིར་འདབ་ཆགས་ཆམ་རིམསH7N9འགོས་པའི་མི་གྲངས63ཐོན་ཡོད་པ་དང་། མི་གྲངས14གྲོངས་ཟིན་པ་རེད། ནད་རྟགས་ཐོན་པའི་ནང་པེ་ཅིན་དུ་གཅིག་དང་། ཧྲང་ཧའེ་རུ24ཐོན་པ་དང་དེའི་ནང་ནས9གྲོངས་ཟིན་པ། ཅང་སུའུ་རུ17ཐོན་པ། དེའི་ནང་ནས་༢གྲོངས་ཟིན་པ། ཀྲེ་ཅང་དུ16ཐོན་པ་དང་དེའི་ནང་ནས་2གྲོངས་ཟིན་པ། ཨན་ཧུའེ་རུ3ཐོན་པ་དང་། དེའི་ནང1གྲོངས་ཟིན་པ། ཧོ་ནན་དུ2ཐོན་ཡོད་པ་དང་། ཞིང་ཆེན་དང་གྲོང་ཁྱེར6གི་ས་གནས་དང་གྲོང་ཁྱེར་རིམ་པའི་ཁྱབ་ཁོངས29རུ་ཐོན་ཡོད་པ་རེད།
ནད་ཡམས་སྔོན་འགོག་ཚོད་འཛིན་ལེགས་པོ་བསྒྲུབ་ཆེད་དུ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་ལྷན་དུ་ཐུན་མོང་ཐོག་མིར་འདབ་ཆགས་ཆམ་རིམསH7N9འགོ་པར་སྔོན་འགོག་ཚོད་འཛིན་གྱི་བརྟག་དཔྱད་ཚོ་ཆུང་སྒྲིག་འཛུགས་བྱེད་རྒྱུ་དང་། ནད་ཡམས་ལ་དུས་ཡུན་གཟའ་འཁོར་གཅིག་རིང་གི་མཉམ་འབྲེལ་དཔྱད་དཔོག་བྱས་ནས། ནད་ཡམས་ཐད་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་རྒྱུ་དང་སྔོན་འགོག་ཚོད་འཛིན་ལས་དོན་སྒྲུབ་ཐོག གོམས་སྟབས་རྗེས་མའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10