སྐབས་བཞི་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་འགོ་ཚུགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-04-17

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་། སྤྱི་ཁྱབ་ཆབ་སྲིད་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྤྱི་ཟླ4བའི་ཚེས12ཉིན་པེ་ཅིན་དུ་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། སྐབས་བཞི་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། སྤྱི་ཚོགས་ཡོངས་ནས་ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཀུན་སྤྱོད་དཔེ་བཟང་གི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་པ་བྱེད་པ། ཀྲུང་གོའི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཆགས་པ་བྱེད་རྒྱུ་ཡིན་པ་རེད།

གྲོས་ཚོགས་ཐོག ཀུན་སྤྱོད་དཔེ་བཟང་ནི་རྒྱལ་ཁབ་འབྱོར་ཕྱུག་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་སྔོན་ཐོན་མི་སྣ་ཡིན་པ་དང་། ཁོང་ཚོའི་ལུས་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གཤིས་སྤྱོད་གཅིག་བསྡུས་ཐོག་མངོན་པ་དང་། དུས་རབས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་ཀྲུང་གོའི་སྙིང་སྟོབས་གཅིག་བསྡུས་ཐོག་མཚོན་ཡོད་པས། དཔྱད་འདེམ་གཟེངས་བསྟོད་བྱེད་སྒོའི་གོ་སྐབས་བཟང་པོ་སྤྱད་དེ། ཀུན་སྤྱོད་དཔེ་བཟང་མི་སྣའི་མི་སེམས་འགུལ་བའི་བྱས་རྗེས་དེ་གསོན་ཉམས་དོད་པའི་སློབ་གཞིར་བརྩིས་ཐོག ཀྲུང་གོའི་ཕུགས་བསམ་གྱི་དྲིལ་བསྒྲགས་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་ཞེས་བསྟན་འདུག

གྲོས་ཚོགས་ཐོག མང་ཚོགས་ནས་འདེམ་པ་དང་མང་ཚོགས་འདེམ་པ། ཡོངས་ཁྱབ་ཏུ་མང་ཚོགས་དཔྱད་འདེམ་གཟེངས་བསྟོད་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་སློང་བྱེད་པ། མང་ཚོགས་ཉེ་འཁོར་གྱི་མིག་དཔེ་སྤྱད་དེ་མངོན་གསལ་དོད་པའི་རིན་ཐང་ཕྱོགས་སྟོན་མངོན་པ་བྱེད་དགོས། ཀུན་སྤྱོད་དཔེ་བཟང་གི་སྙིང་སྟོབས་དྲིལ་བསྒྲགས་དང་མངོན་པར་བྱས་པ་བརྒྱུད། ཁོང་ཚོའི་བླ་ན་མེད་པའི་བྱ་སྤྱོད་ལ་བསྔགས་བརྗོད་དང་། མི་རྣམས་ནས་ཀྲུང་གོའི་ཕུགས་བསམ་གྱི་དགོངས་དོན་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་འཁྲིད་སྟོན་བྱེད་པ། ཀྲུང་གོའི་ཕུགས་བསམ་ལ་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བཏོན། 

  • ལེ་ཚན་སྔོན་མ།:བོད་ལྗོངས་སྟག་རྩེ་རྫོང་དུ2013ལོའི་བོད་སྤོས་བཟོ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སུ་མི63ལ་འདབ་ཆགས་ཆམ་རིམསH7N9འགོས་པ།
  • དོ་སྣང་ཆེ་བའི་རྩོམ།