ཡུས་ཧྲུའུ་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དེ་ཟླ་དྲུག་པའི་ཟླ་མཇུག་གི་སྔོན་ལ་ཡོངས་འགྲུབ་བྱེད་རྒྱུ་རེད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-18

ཡུས་ཧྲུའུ་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དེ་ཟླ་དྲུག་པའི་ཟླ་མ

བཞི་བའི་ཚེས་བཅུ་བཞིའི་ས་འགུལ་གྱི་གནོད་འཚེ་བྱུང་ནས་ལོ་འཁོར་གསུམ་ལོན་པར་དྲན་གསོ་བྱེད་པ་དང་ལྗང་མདོག་གི་ཡུས་ཧྲུའུ་འཛུགས་སྐྲུན་བྱ་འགུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཚོགས་ར། 

ཡུས་ཧྲུའུ་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དེ་ཟླ་དྲུག་པའི་ཟླ་མ

ཁོང་ཡུང་གིས་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པར་ཡུས་ཧྲུའུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་མཚམས་སྦྱོར་བྱས་པ། 

ཡུས་ཧྲུའུ་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དེ་ཟླ་དྲུག་པའི་ཟླ་མ

གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པས་ཡུལ་དངོས་སུ་གསར་འགྱུར་འབྲི་བཞིན་པ། 

 སྤྱི་ཟླ4བའི་ཚེས14ཉིན། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡིས་ཡུས་ཧྲུའུ་ས་ཁུལ་གྱི་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ས་འགུལ་གནོད་འཚེ་བྱུང་སྟེ་ལོ་འཁོར་གསུམ་ལོན་པ་དང་ལྗང་མདོག་གི་ཡུས་ཧྲུའུ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་དང་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་། ཞིང་ཆེན་ཕྱི་ནང་གི་གསར་འགྱུར་ལས་ཁུངས་ཀྱི་ཡུས་ཧྲུའུ་ས་ཁུལ་གྱི་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ས་འགུལ་གནོད་འཚེ་བྱུང་སྟེ་ལོ་འཁོར་གསུམ་ལོན་པའི་བཅར་འདྲི་ཚན་ཆུང་སོགས་ཀྱི་གསར་འགོད་པ་སུམ་ཅུ་ལྷག་ཚོགས་འདུར་ཞུགས།

    གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་རྒྱུན་ལས་བཀོད་འདོམས་པ། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་ཁོང་ཡུང་གིས2013ལོའི་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ལས་འགན་གཙོ་བོ་དང་བྱ་བའི་བྱེད་ཐབས། མཇུག་བསྡུའི་དུས་ཚོད་གཙོ་བོ་བཅས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས། ཡུས་ཧྲུའུ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་དཔོན་གཞོན་པ་ཝང་ཡུང་གིས་ཡུས་ཧྲུའུ་ས་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ན་ནང་དགུན་ཁ་དང་ད་ལོའི་དཔྱིད་ཀའི་བྱ་བ་གཙོ་བོ་དང་། 2013ལོའི་འབྲེལ་ཡོད་བྱ་བ་བཀོད་སྒྲིག སྟོབས་ཤུགས་ཡོད་དགུས་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་པའི་གནས་ཚུལ་བཅས་མཚམས་སྦྱོར་བྱས།

    ཤེས་གསལ་ལྟར་ན། ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་གསར་འགོད་པ་སྔར་ལས་མང་པོས་ཡུས་ཧྲུའུ་ཡི་གནས་ཚུལ་ངོ་མར་རྒྱུས་ལོན་དང་། 2013ལོའི་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་མཇུག་མཐའི་ལོའི་ལས་འགན་གཙོ་བོ། བྱ་བའི་བྱེད་ཐབས། མཇུག་བསྡུའི་དུས་ཚོད་བཅས་ལ་རྒྱུས་ལོན། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་རྒྱུས་ལོན་བཅས་བྱེད་དུ་འཇུག་རྒྱུ་དེ་རེད། །

  • ལེ་ཚན་སྔོན་མ།:ལྷོ་ནུབ་མི་རིགས་སློབ་ཆེན་དང་དཀར་མཛེས་ཁུལ་བར་གཏན་ཁེལ་འཇོན་མི་སྐྱེད་སྲིང་གྲོས་མཐུན་མིང་རྟགས་བཀོད་པའི་མ
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་ཞིང་འབྲོག་ལས་རིགས་ལ་ཉེན་འགོག་འགན་སྲུང་བྱས་ཏེ་དུད་ཚང་ཁྲི2ལྷག་ལ་ཁེ་ཕན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།