ཡུས་ཀྲིན་ཧྲིན་གྱིས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-15

ཡུས་ཀྲིན་ཧྲིན་གྱིས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་བ།
 སྤྱི་ཟླ4བའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཁང་དུ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་བརྩེ་བའི་མཇལ་འཕྲད་གནང་། པར་འདི་ནི་པཎ་ཆེན་མཆོག་གིས་ཡུས་ཀྲིན་ཧྲིན་ལ་ཁ་བཏགས་ཕུལ་བའི་ཚུལ་རེད།

 

ཡུས་ཀྲིན་ཧྲིན་གྱིས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་བ།
 སྤྱི་ཟླ4བའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཁང་དུ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་བརྩེ་བའི་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས12ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་བརྩེ་བའི་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་པཎ་ཆེན་མཆོག་གིས་ཡུས་ཀྲིན་ཧྲིན་ལ་ཁ་བཏགས་ཕུལ་བར་མ་ཟད་ཉེ་བའི་ལོ་འགའི་རིང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཡར་ཞུ་བྱས། ཁོས་གིས་ངེས་པར་དུ་པཎ་ཆེན་སྐུ་ཕྲེན་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་ཆོས་དད་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་ནས། ཏང་དང་རྒྱལ་ཁབ་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཚུལ་བསྟན།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་མགོ་ཁྲིད་འོག་དང་བོད་རྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་བླ་སྤྲུལ་ཆེ་ཁག་དང་དགེ་རྒན་རྣམས་ཀྱི་མཛུབ་སྟོན་འོག་ཏུ་པཎ་ཆེན་མཆོག་གིས་དཀའ་སྤྱད་སྡུག་རུས་སྒོས་སློབ་སྦྱོང་བྱས་པ་བརྒྱུད། ནང་རིག་པའི་ཡོན་ཚད་དང་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་ཆེན་པོ་བྱུང་ཟེར། ཁོང་གིས་པཎ་ཆེན་མཆོག་འཚར་ལོངས་དང་ཡར་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཆོས་ལུགས་ཀྱི་དར་རྒུད་དེ་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་དམ་པོ་ཡོད་པས། རྒྱལ་ཁབ་དར་རྒྱས་སྟོབས་ལྡན་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་ཚེ། ད་གཟོད་ཆོས་ལུགས་བདེ་བླག་ངང་དར་ཐུབ་པ་དང་གྲྭ་བ་རྣམས་ཀྱིས་སྒྲུབ་སྦྱངས་བྱེད་ཐུབ། ང་ཚོ་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཀྱི་ནང་དོན་གཙོ་བོ་ཞིག་ནི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་ཐབས་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན་ལ། མཐུན་ཐབས་བྱེད་པའི་བརྒྱུད་རིམ་ནི་ཏང་དང་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པའི་བརྒྱུད་རིམ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣས་རང་རྟོགས་སྒོས་ཧུར་ཐག་བྱེད་པའི་བརྒྱུད་རིམ་ཡིན། བོད་རྒྱུད་ནང་བསྟན་ལས་རིགས་ཀྱིས་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་། རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་སེམས་ཅན་བདེ་ལ་འགོད་པ་དང་། ཆོས་ཁྲིམས་གཙང་བར་སྲུང་སྟེ། བོད་རྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་ཐབས་བྱེད་པ་དང་བོད་ལྗོངས་དང་ཞིང་ཆེན་བཞི་ཡི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་མཇུག་མཐར་པཎ་ཆེན་མཆོག་གིས་སློབ་སྦྱོང་ལ་ཤུགས་སྣོན་དང་བློ་སྦྱོང་མཐོར་འདེགས་སུ་གཏོང་བ་དང་། སྤྱི་ཚོགས་ལ་ཡིད་འཇོག་དང་དུས་རྟག་ཏུ་མང་ཚོགས་བསམ་དགོས་ལ། འགན་འཁྲི་ཡིད་ལ་དམ་པོར་འཛིན་ཞིང་བྱས་རྗེས་མི་དམན་པ་འཇོག་པ་དང་། བློ་ཐག་རྦད་ཆོད་སྒོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བ་སྲུང་སྐྱོབ་བྱས་ནས། བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་དད་ལྡན་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་བླ་སྤྲུལ་ཆེན་པོ་ཞིག་ཏུ་འགྱུར་དགོས་པའི་ཐུགས་རེ་བཏོན།  ། 

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པའི་བོད་ཀྱི་བརྩམས་ཆོས།
  • དོ་སྣང་ཆེ་བའི་རྩོམ།