མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པའི་བོད་ཀྱི་བརྩམས་ཆོས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-04-15

མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པའི་བོད་ཀྱི་བརྩམས་ཆོས།
《བོད་ལྗོངས་གནའ་བོའི་དབྱངས་ཡིག་ཞིབ་འཇུག》།

        ཉེ་སྔོན། སློབ་གསོ་པུས་སྐབས་དྲུག་པའི་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའི(མི་ཆོས་སྤྱི་ཚོགས་ཚན་རིག)མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། སྐབས་འདིར་འབྲེལ་ཡོད་ཆེད་མཁས་པས་དཔྱད་འབེབས་བྱས་པར་བརྒྱུད། བསྡོམས་པས་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པའི་རྣམ་གྲངས830འདུས་ཏེ། བྱ་དགའ་ཨང་དང་པོའི་རྣམ་གྲངས45དང་། བྱ་དགའ་ཨང་གཉིས་པའི་རྣམ་གྲངས250། བྱ་དགའ་ཨང་གསུམ་པའི་རྣམ་གྲངས518། གྲུབ་འབྲས་ཁྱབ་གདལ་བྱ་དགའི་རྣམ་གྲངས17བཅས་འདུས་པ་རེད།

མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པའི་བོད་ཀྱི་བརྩམས་ཆོས།
《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ་བཞུགས་སོ(པོད་དགུ)》།

        རྒྱུས་ལོན་པ་ལྟར་ན། དགེ་འདུན་འཕེལ་རྒྱས་ཀྱིས་གཙོ་སྒྲིག་མཛད་པའི《བོད་ལྗོངས་གནའ་བོའི་དབྱངས་ཡིག་ཞིབ་འཇུག》(2009ལོའི་ཟླ12པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་གནང)དང་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་གཙོ་སྒྲིག་གནང་བའི《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ་བཞུགས་སོ(པོད་དགུ)》(2010ལོའི་ཟླ8པར་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་གནང)ཞེས་པ་གཉིས་ལ་བརྩམས་ཆོས་བྱ་དགའི་ཨང་གཉིས་པ་ཐོབ་ཅིང་། བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་ཀྱིས་གཙོ་སྒྲིག་གནང་བའི《རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་དང་རིག་གནས》(2008ལོའི་ཟླ11པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས)ཞེས་པར་བརྩམས་ཆོས་བྱ་དགའི་ཨང་གསུམ་པ་ཐོབ་པ་རེད།

མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པའི་བོད་ཀྱི་བརྩམས་ཆོས།
《རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་དང་རིག་གནས》།

        མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ(མི་ཆོས་སྤྱི་ཚོགས་ཚན་རིག)ནི“མཐོ་རིམ་སློབ་གྲྭའི་མཚན་ཉིད་སྤྱི་ཚོགས་ཚན་རིག་དར་རྒྱས་འཆར་འགོད”ཅེས་པའི་གལ་ཆེའི་ནང་དོན་ཡིན་ཞིང་། སློབ་གསོ་པུས་རྒྱལ་ཡོངས་མཐོ་རིམ་མཚན་ཉིད་སྤྱི་ཚོགས་ཚན་རིག་བྱ་བའི་གྲུབ་འབྲས་ལོན་པར་གཟེངས་བསྟོད་དང་རྟིང་སྐུལ་བྱེད་པ་ཡིན་ལ། མཐོ་རིམ་མཚན་ཉིད་སྤྱི་ཚོགས་ཚན་རིག་དར་རྒྱས་སུ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཀྱང་ཡིན་པ་རེད། 1995ལོ་ནས་བཟུང་ད་ལྟའི་བར་སྐབས་ལྔ་ལ་དཔྱད་བདམས་བྱས་ཤིང་བསྡོམས་པས་ཕུལ་བྱུང་གྲུབ་འབྲས་བྱ་དགའི་རྣམ་གྲངས3220ཡོད། འདི་ནི་རང་རྒྱལ་མཚན་ཉིད་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་སུ་ཆེས་ཡིད་རྟོན་ཟབ་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་པའི་བྱ་དགའི་རྣམ་གྲངས་ཤིག་ཏུ་ངེས།

  • ལེ་ཚན་སྔོན་མ།:ཡུས་ཀྲིན་ཧྲིན་གྱིས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།