མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-15
སྤྱི་ཟླ4བའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་མཇལ་འཕྲད་གནང་།
སྤྱི་ཟླ4བའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས13ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་འཕེལ་རྒྱས་སུ་སོང་བ་དེ་ལས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དེ་འགལ་བ་དང་རྩོད་གཞི་ལས་ཆེ་བ་དང་མ་འོངས་བའི་ཁེ་ཕན་དེ་བས་ཀྱང་མང་བ་བདེན་དཔང་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བར་མ་ཟད། འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་པ་དང་མཉམ་ལས་རྒྱ་བསྐྱེད་ནས། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་ནས་བརྒལ་གཏོར་གསར་བ་མངོན་འགྱུར་བྱེད་པ་དང་། ཁེ་ལས་ཀྱི་འདྲ་མཉམ་འགྲན་རྩོད་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་ནུས་ཤུགས་གང་ཡོད་བཏོན་ནས་མཉམ་ལས་བྱེད་ས་གཙོ་བོ་གསར་གཏོད་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་སྒོ་འབྱེད་དང་མངོན་གསལ། བཟོད་སྒོམ་བཅས་ལ་བརྟེན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཟེར།
ཁི་ལིས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་ནི་འཛམ་གླིང་སྟེང་དུ་ཤན་ཤུགས་ཆེ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། ཨ་མེ་རི་ཁ་དང་ཀྲུང་གོས་མཉམ་ལས་བྱས་པ་དེ་ཕྱོགས་གཉིས་ཀར་ཕན་པ་དང་འཛམ་གླིང་ཡོངས་ལ་ཤན་ཤུགས་ཆེན་པོ་ཐེབས་སྲིད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཉམ་ལས་ཀྱི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པར་མ་ཟད། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དང་ས་ཁུལ་གྱི་གནད་དོན་གཙོ་བོ་ལ་ཁ་གཏད་འཇལ་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10