ཚེ་དབང་རིག་འཛིན་གྱི་རྐྱང་གཞས《རི་སྤྱང་སྔོན་མོ》འགྲེམ་ལ་ཉེ་བ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-04-12

ཚེ་དབང་རིག་འཛིན་གྱི་རྐྱང་གཞས《རི་སྤྱང་སྔོན་མོ》འགྲེམ་ལ་ཉེ་བ།
ཚེ་དབང་རིག་འཛིན།

        ཚེ་དབང་རིག་འཛིན་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙན་ཚ་རྫོང་ནས་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་ཞིག་ཡིན་ཞིང་། ཆུང་དུས་ནས་གླུ་གཞས་ལེན་པར་སྤྲོ་བས་ཁེངས་ཤིང་། གླུ་གཞས་ལས་མི་ཚེའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་བརྗོད་པ་ནི་ཁོ་བོས་ནམ་ཡང་འགོག་མེད་དུ་སྙེག་པའི་རྨི་ལམ་རིང་མོ་ཞིག་ཡིན་ལ། འདི་ལྟ་བུའི་འདུན་མ་དང་བསྡོངས་ཏེ་ཁོས་མི་ཚེའི་གོམ་པ་དང་པོ་སྤོས་པ་སྟེ། ཐོག་མའི་ཕ་སྐད་རྐྱང་གཞས《རི་སྤྱང་སྔོན་མོ》ཞེས་པ་ཕབ་སྟེ་འགྲེམ་ལ་ཉེ་ཞིང་།  རྐྱང་གཞས་འདི་ལས་ཁོའི་གླུ་གཞས་ལ་དུངས་པའི་རྨི་ལམ་གྱི་སྒོ་མོ་ཡོངས་སུ་ཕྱེས་ནས་རྗེས་ཕྱོགས་ཀྱི་འདུན་ལམ་ལ་རྨང་ལེགས་པོ་ཞིག་འདིང་ཐུབ་རྒྱུ་དང་། རྣམ་པ་ཚོར་སྤྲོ་སེམས་འཁོལ་བའི་གླུ་གཞས་སྙན་མོ་ཞིག་ཕུལ་ཡོང་བར་སྨོན།
གླུ་གཞས་སྦྲེལ་གནས།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཙན་པི་ཡའི་ཙུང་ཐུང་སཱ་ཐ་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།