ཀླུ་འབུམ་བྱམས། ཞིན་ཧྭ་གསར་འགྱུར་དྲ་བ། 2013-04-15
ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ད་ལྟའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བར་གནས་ཡོད། ཅང་མ་འགོར་བའི་སྔོན་ལ། ངས་ཁ་པར་གྱི་ལམ་ནས་ཙུང་ཐུང་ཨོ་པ་མར་ལྟ་བ་བརྗེ་རེས་བྱེད་སྐབས་མགྲིན་གཅིག་ཏུ་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་གྲོགས་པོའི་འབྲེལ་བ་དང་། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་འཛུགས་པར་འཚོལ་སྙེག་བྱེད་པ་ལ་མཉམ་དུ་བརྩོན་ལེན་བྱེད་རྒྱུ་བསྐྱར་བསྒྲགས་བྱས་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཐབ་ཇུས་གོ་གནས་དང་འཕེལ་རྒྱས་ཁ་ཕྱོགས་གཏན་ལ་ཕབ། རེ་བ་ལ་ཕྱོགས་གཉིས་ཀས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་བསམ་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། རྣམ་འགྱུར་ལེགས་པོར་བརྟེན་པ་དང་འཕེལ་རྒྱས་ལ་དམིགས་ཏེ་གྲོས་མོལ་དང་མཉམ་ལས་བྱེད་རྒྱུ་དང་། ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས། མི་མཐུན་པ་སོར་འཇོག་བྱེད་པ་བཅས་ལ་བརྟེན་ནས་ཕན་ཚུན་བར་གྱི་རྩོད་གཞི་དང་འགལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། འདྲ་མཉམ་དང་ཕན་ཚུན་ལ་ཡིད་ཆེས་དང་བཟོད་སྒོམ། མཉམ་ལས་མཉམ་རྒྱལ་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་བའི་ལམ་དུ་བསྐྱོད་དགོས་ཞེས་བསྟན།
ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀས་ངེས་པར་དུ་མཐོ་རིམ་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་དང་། ངས་ཙུང་ཐུང་ཨོ་པ་མཱ་དང་འབྲེལ་འདྲིས་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀས་ད་དུང་ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་ཕྱོགས་ཀྱི་གྲོས་མོལ་དང་། མི་གཞུང་བརྗེ་རེས། མཐོ་རིམ་གྲོས་མོལ་སོགས་ཀྱི་མཐུན་རྐྱེན་རྒྱུན་སྲིང་དང་བེད་སྤྱོད་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པས། ཕྱོགས་གཉིས་ཀས་མཉམ་ལས་ཀྱི་མཐུན་རྐྱེན་བསྐྲུན་པའི་རྒྱུན་སྐྱོང་བ་དང་། ཁེ་ཕན་གྱི་འབྲེལ་ཐག་ཇེ་དམ་དུ་གཏོང་བ། དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་ཕན་ཚུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་པ་ལས། དཔལ་འབྱོར་ཉོ་ཚོང་གི་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་མི་རུང་ཞེས་བསྟན།
ཞི་ཅིན་ཕེན་གྱིས་མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་ངོགས་གཉིས་སུ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་ཆེན་པོ་གཉིས་ཤོང་ཆོག་ཆོག་ཡིན་ལ། ཕྱོགས་གཉིས་ཀས་ངེས་པར་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དུ་ཕན་ཚུན་འབྲེལ་འདྲིས་བཟང་བོ་བྱེད་པར་བརྩོན་ལེན་དང་། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་འབྲེལ་འདྲིས་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁི་ལིས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ། རྒྱལ་ཁབ་གཉིས་ཀའི་མགོ་གཙོའི་རེ་བ་ལྟར། མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། གྲོས་མོལ་དང་ཕན་ཚུན་ཡིད་ཆེས། མཉམ་ལས་བཅས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བདེའཇགས་ལ་སྲུང་སྐྱོབ་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོ་བར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་བ་འཛུགས་པར་མཐུན་རྐྱེན་བསྐྲུན་འདོད་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10