ལིས་ཁི་ཆང་གིས་ཙན་པི་ཡའི་ཙུང་ཐུང་སཱ་ཐ་ལ་མཇལ་འཕྲད་གནང་བ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-04-12

ལིས་ཁི་ཆང་གིས་ཙན་པི་ཡའི་ཙུང་ཐུང་སཱ་ཐ་ལ་མཇལ་འཕྲད་གནང་བ།

ཟླ་བཞི་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙན་པི་ཡའི་ཙུང་ཐུང་སཱ་ཐ་ལ་མཇལ་འཕྲད་གནང་། 
 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙན་པི་ཡའི་ཙུང་ཐུང་སཱ་ཐ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཙན་པི་ཡ་ནི་གྲོགས་པོ་རྙིང་བ་དང་གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ཏེ་དུས་རབས་ཕྱེད་ཀའི་རིང་། ཕན་ཚུན་ལ་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ། མཉམ་ལས་ཟབ་མོ་བྱས། ད་ལྟ། ཀྲུང་གོ་དང་ཙན་པི་ཡའི་མཉམ་ལས་དེ་འཕེལ་རྒྱས་གོ་སྐབས་གསར་བར་འཕྲད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་སྣེ་འདྲེན་དང་སྤྱི་ཁོག་འཆར་འགོད་ལ་ཤུགས་སྣོན། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། ཕྱོགས་གཉིས་ཀའི་མཉམ་ལས་ལ་ཡིད་རྟོན་རུང་བའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད། རེ་བ་ལ་ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་མུ་མཐུད་དུ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།

སཱ་ཐ་ཡིས་ཀྲུང་གོས་ལོ་མང་པོར་ཙན་པི་ཡར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཙན་པི་ཡ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་བྱེད་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་འཚོང་དང་། ཞིང་ལས། མཁའ་འགྲུལ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཀྲང་ཀའོ་ལིས་ཀྱིས་ཧྲན་ཞི་དང་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:ཚེ་དབང་རིག་འཛིན་གྱི་རྐྱང་གཞས《རི་སྤྱང་སྔོན་མོ》འགྲེམ་ལ་ཉེ་བ།
  • དོ་སྣང་ཆེ་བའི་རྩོམ།